བོད་ལྗོངས་སྡོད་དམངས་ཀྱི་ཁྱིམ་ཚང་བརྒྱ་རེར་ཁྱིམ་སྤྱོད་རླངས་འཁོར41.7རེ་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་རང་སྐྱོང་ལྗོངས་སྡོམ་རྩིས་ཅུའུ་དང་རྒྱལ་ཁབ་སྡོམ་རྩིས་ཅུའུ་བོད་ལྗོངས་བརྟག་བཤེར་སྤྱི་ཁྱབ་རུ་ཁག་གིས་ཁྱབ་བསྒྲགས་བྱས་པའི་བོད་ལྗོངས་སྡོད་དམངས་ཀྱི་རྒྱུན་བཀོལ་འཛད་སྤྱོད་ཐོན་རྫས་འཛོམས་ཚད་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོར། བོད་ལྗོངས་སྡོད་དམངས་ཀྱི་ཁྱིམ་ཚང་བརྒྱ་རེར་ཁྱིམ་སྤྱོད་རླངས་འཁོར41.7རེ་ཡོད་པ་དང་། དུས་མཉམ་གྱི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དེ་རླངས་འཁོར31.7ལས་བརྒལ་ཞིང་། 2015ལོ་ལས་རླངས་འཁོར20.2ཇེ་མང་དུ་སོང་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོར། བོད་ལྗོངས་སྡོད་དམངས་ཀྱི་ཁྱིམ་ཚང་བརྒྱ་རེར་གོས་འཁྲུད་འཕྲུལ་ཆས་དང་འཁྱགས་སྒམ། སྤོ་སྒུལ་ཁ་པར་བཅས་སོ་སོར86.9དང91.3། 244.9བཅས་ཡོད་པ་དང་། 2015ལོ་དང་བསྡུར་ན་སོ་སོར26.5དང30.1། 59.1བཅས་ཇེ་མང་དུ་སོང་ཡོད། 2020ལོར། བོད་ལྗོངས་ཀྱི་གྲོང་རྡལ་དང་ཞིང་སྡེའི་སྡོད་དམངས་ཀྱི་ཨིན་ཀི་ཨར་བཏགས་གྲངས་ནི་སོ་སོར34.7%དང37.8%ཡིན་ལ། 2013ལོ་དང་བསྡུར་ན་སོ་སོར་བརྒྱ་ཆའི་ཚེག4.6དང9.8མར་ཆག་ཡོད། 

རྒྱུས་ལོན་པ་ལྟར་ན། 2020ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་མི་རེར་ཆ་སྙོམས་ཀྱིས་སྡོད་ཁང་ཡོད་ཚད་སྨི་གྲུ་བཞི་མ32.37དང་ལྡབ11ཙམ་འཕར་ཡོད། རོང་འབྲོག་པ་མི་རེར་ཆ་སྙོམས་ཀྱིས་སྡོད་ཁང་ཡོད་ཚད་སྨི་གྲུ་བཞི་མ41.15ཡིན། ལྗོངས་ཡོངས་སུ་རིམ་བཞིན་རྩེ་རིམ་ལ་ཚོང་ར་ཡོད་པ་དང་འོག་རིམ་ལ་འགན་སྲུང་ཡོད་པའི་རིམ་པ་སྣ་མང་ཅན་དང་ལུགས་མཐུན་ཅན། ཤང་གྲོང་སྡོད་དམངས་ཡོངས་ལ་ཁྱབ་པའི་སྡོད་ཁང་མཁོ་སྤྲོད་དང་འགན་སྲུང་མ་ལག་ཅིག་ཆགས་ཏེ་མི་དམངས་ཀྱི་འཚོ་སྡོད་ལ་ཁག་ཐེག་བྱས་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།