བོད་ལྗོངས་ཀྱིས་བོད་ཀྱི་གསོ་རིག་ཐོན་ལས་ལ་ཤུགས་བསྣན་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་འཛིན་གྱི་འཕྲོད་བསྟེན་ལས་དོན་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ལོ་རེར་ཆེད་དམིགས་མ་དངུལ་བཏང་ནས་བོད་ཀྱི་གསོ་རིག་གི་རྨང་གཞིའི་འཛུགས་སྐྲུན་དང་སྨན་བཅོས། སློབ་གསོ། ཚན་རིག་ཞིབ་འཇུག རིག་གནས་དང་ཐོན་ལས་འཕེལ་རྒྱས་ཕྱོགས་སུ་བེད་སྤྱད་པས། བོད་ཀྱི་གསོ་རིག་གི་ཐོན་ལས་ཁེ་ལས་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེན་དུ་གྱུར་བ་དང་། ཐོན་སྐྱེད་ཀྱང་ཚད་གཞི་ཅན་དང་ཚད་ལྡན་ཅན། གཞི་ཁྱོན་ཅན་དུ་གྱུར་ནས་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།