བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་མ་ཨར་ཐ་ནས་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་ཀྱིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་འདིར། “ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་དེ་ཚེས20ཉིན་དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པ་ཟུང་སྦྲེལ་སྒོས་མ་ཨར་ཐ་ནས་དངོས་སུ་འགྲེམ་སྟོན་བྱས་པ་རེད།

འགྲེམ་སྟོན་དེ་མ་ཨར་ཐའི་ཀྲུང་གོ་རིག་གནས་ལྟེ་གནས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གཉིས་ཀྱིས་མཉམ་དུ་སྒྲུབ་པ་རེད། འདི་ནི་མ་ཨར་ཐ་རུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན། རིག་གནས་ལྟེ་གནས་འགྲེམ་སྟོན་ཁང་དུ་གཉེར་བའི་འགྲེམ་སྟོན་ཐོག་མ་རེད། དེ་གའི་མང་ཚོགས་ཀྱིས་མངགས་ཐོ་བཀོད་ནས་ཡུལ་དངོས་སུ་བལྟ་རུ་ཡོང་ཆོག རིག་གནས་ལྟེ་གནས་དྲ་ཚིགས་དང་སྤྱི་ཚོགས་སྨྱན་སྦྱོར་གྱིས་དུས་མཉམ་ངང་ཐེངས་འདིའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་གཏོང་རྒྱུ་རེད།

ཐེངས་འདིའི་འགྲེམ་སྟོན་ལ་ཚབ་མཚོན་རང་བཞིན་ལྡན་པའི་ཐང་གའི་ཕུལ་བྱུང་བརྩམས་ཆོས20ལྷག་བདམས་ཡོད་པ་དང་། བྱེའུ་སྒང་ལུགས་་དང་སྨན་ཐང་ལུགས་སོགས་ཀྱི་གྲུབ་མཐའ་མང་པོར་ཁྱབ་ཡོད་ལ། མ་ཨར་ཐའི་མི་དམངས་ལ་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་གྱི་ཁྱད་འཕགས་མཛེས་བ་མངོན་པར་བཀྲམས་ནས། ཁོ་ཚོར་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་བློ་གྲོས་དང་བོད་རིགས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད།

 “ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་དེ་ཟླ10བའི་ཚེས6ཉིན་བར་དུ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།