​བོད་ལྗོངས་འབྲི་ཆུའི་ལྷོ་རྒྱུད་དེ་ཀླུ་ནང་གྲོང་རྡལ།

1.jpg

6.jpg

པར་འདི་གཉིས་ནི་ཀླུ་ནང་གྲོང་རྡལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་གྱི་ས་བབ་ལ་སྨི3700ཡོད་པས་དེ་ལ“ཤར་ཕྱོགས་ཀྱི་སུའེ་ཙེར”ཞེས་པའི་མཚན་སྙན་ལྡན། གྲོང་རྡལ་གྱི་རང་བྱུང་ཡུལ་ལྗོངས་མཛེས་པ་དང་། ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་དང་ཁྱད་དུ་འཕགས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་མཉམ་དུ་འདུས་པས། ཁྲོན་བོད་གཞུང་ལམ་སྟེང་མིང་དུ་གྲགས་པའི་ཡུལ་སྐོར་གནས་མཆོག་ཅིག་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་དེ་ཀོང་ཏུང་དང་བོད་ལྗོངས་ཀྱིས་མཉམ་དུ་བཙུགས་པ་ཡིན་ལ། དུས་ཡུན་ལོ་དགུ་ཡི་འཆར་འགོོད་དང་འཛུགས་སྐྲུན་བརྒྱུད་འཁོར་སྐྱོད་ཐུབ་པ་བྱུང་། རྣམ་གྲངས་དེའི་སྤྱིིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར40ལས་བརྒལ་བ་རེད། 2020ལོར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི58.07ཙམ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི5290.92མངོན་འགྱུར་བྱུང་། 2021ལོའི་ལོ་སྟོད་དུ་ཀླུ་ནང་གྲོང་རྡལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི53ཙམ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི6500ཙམ་མངོན་འགྱུར་བྱུང་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།