ཀྲུང་དབྱང་འཐུས་ཚབ་ཚོགས་པ་བོད་ལྗོངས་ནས་ཕྱིར་པེ་ཅིང་དུ་ཐོན།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་གཙོའི་འགན་ཁུར་བའི་ཀྲུང་དབྱང་འཐུས་ཚབ་ཚོགས་པ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ཏེ་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པའི་བྱ་འགུལ་ལ་ཞུགས་པ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་སྡེ་ཡི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས་པ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཚེས་ཉེར་གཅིག་ཉིན་བོད་ལྗོངས་ནས་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིང་དུ་ཐོན།

ཀྲུང་དབྱང་འཐུས་ཚབ་ཚོགས་པ་བོད་ལྗོངས་དང་ཁ་གྱེས་སྐབས། བོད་རང་སྐྱོང་ལྗོངས་ཀྱིས་སྐྱེལ་མ་ཞུ་བའི་མཛད་སྒོ་གཟབ་རྒྱས་སྤེལ།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།