ཀྲང་ཧོང་ཡོན་གྱིས་ཚན་ཁག་ཁྲིད་དེ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཐུང་ཧེ་ལམ་སྲང་ལམ་དང་ཝུན་ཁྲིན་ལམ་སྡེ་ཁུལ་དང་ཞིང་ཆེན་ཚན་རྩལ་ཁང་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྱིས་ཚན་ཁག་ཁྲིད་དེ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཐུང་ཧེ་ལམ་སྲང་ལམ་དང་ཝུན་ཁྲིན་ལམ་སྡེ་ཁུལ་དང་ཞིང་ཆེན་ཚན་རྩལ་ཁང་དུ་སོང་སྟེ་ཚན་རིག་ཁྱབ་གདལ་ནུས་པའི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་ཏེ་རྒྱུན་མཐུད་སྒོས་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་གྲོས་གཞི་ལ་རྟོག་ཞིབ་དང་ལྟ་སྐུལ་ཐག་གཅོད་བྱས་ཤིང་། སྒྲུབ་འགན་འཁུར་བའི་ལས་ཁུངས་ཀྱི་འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། འཐུས་མི་དང་སྒྲུབ་འགན་འཁུར་བའི་ལས་ཁུངས་ཀྱིས་མཉམ་དུ་འབྲེལ་འདྲིས་དང་བརྗེ་རེས་བྱེད་པའི་གྲོས་གཞི་འདོན་པར་སྣེ་ཁྲིད་བྱས་པར་མ་ཟད། གོ་རིམ་རྗེས་མའི་བྱ་བར་རེ་བ་བཏོན།

ཀྲང་ཧོང་ཡོན་གྱིས་བསྟན་དོན། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་དང་པོ་ཡིན་པ་དང་སྤྱི་དམངས་གི་ཚན་རིག་བྱང་ཚད་ནི་རྒྱལ་ཤུགས་དང་པོ་ཡིན། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་སུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གང་ལེགས་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱིས་མཐོང་ཆེན་དང་དེའི་ཁྲོད་དུ་ཞུགས་པར་དར་སྤེལ་བྱེད་དགོས། ཚན་རིག་སྙིང་སྟོབས་དར་སྤེལ་བྱེད་པ་དེ་ཚན་རིག་ཁྱབ་གདལ་གྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཚན་རིག་ཁྱབ་གདལ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར། ཁྲིམས་ལྟར་བྱ་བ་སྣ་ཚོགས་ལ་སྐུལ་སྤེལ་བྱེད་དགོས། ཚན་རིག་ཁྱབ་གདལ་སྲིད་འཛིན་གཙོ་འགན་འཁུར་བའི་ལས་ཁུངས་ཀྱིས་སྣེ་ཁྲིད་པ་དང་སྡེ་ཁག་སོ་སོས་མཉམ་འབྲེལ་བྱེད་པ། སྤྱི་ཚོགས་ཡོངས་དེའི་ཁྲོད་དུ་ཞུགས་པའི་མཉམ་འབྲེལ་ནུས་ལྡན་བྱ་བའི་རྐྱེན་སྲོལ་འཛུགས་དགོས། ཚན་རྩལ་བྱ་བ་སྒྲུབ་མཁན་གྱི་འགན་འཁྲིའི་བསམ་པ་དང་འགན་འཁུར་བསམ་པ་ཇེ་དྲག་ཏུ་བཏང་ནས། ཁོ་ཚོས་ཚན་རིག་ཁྱབ་གདལ་དང་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་སུ་གཏོང་བའི་ཐད་ལ་ནུས་པ་གལ་ཆེན་འདོན་དགོས། ཚན་རྩལ་གྱི་འདྲེན་ཤུགས་དང་གཅིག་སྡུད་ནུས་ཤུགས། མང་ཚོགས་ཞུགས་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།