ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ལྷོ་ཁ་ཡན་ལག་ཚོགས་པ་དང་གཞིས་ཀ་རྩེ་ཡན་ལག་ཚོགས་པས་ས་གནས་ཀྱི་རིགས་སོ་སོའི་སྡེ་ཡི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཡུག་ཆོན་གྱིས་ཚེས་ཉི་ཤུ་ཉིན་ལྷོ་ཁ་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ་ལྷོ་ཁ་གྲོང་ཁྱེར་དུ་སོང་ནས། སྔ་ཕྱིར་ལག་འཐག་ཆེད་ལས་མཉམ་ལས་ཁང་དང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་། ལྷོ་ཁ་གྲོང་ཁྱེར་གྱི་སློབ་འབྲིང་གཉིས་པ་ཚུད་པའི་ལས་རིགས་ལག་རྩལ་སློབ་གྲྭ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཡུག་ཆོན་གྱིས་ལྷོ་ཁ་གྲོང་ཁྱེར་ཏང་ཨུའི་ར་སྐོར་ནང་དུ་ལྷོ་ཁ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་ཁོངས་མི་དང་རིགས་སོ་སོའི་སྡེ་ཡི་འཐུས་མིར་འཚམས་འདྲི་བྱས། ཡུག་ཆོན་གྱིས་བསྟན་དོན། མུ་མཐུད་དུ་དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་སྒོས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་འབད་དགོས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་པདྨ་འཕྲིན་ལས་ཀྱིས་ཚེས་ཉི་ཤུ་ཉིན་གཞིས་ཀ་རྩེ་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ་གཞིས་ཀ་རྩེ་གྲོང་ཁྱེར་ཏང་ཨུའི་སར་སོང་ནས། གཞིས་ཀ་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་ཁོངས་མི་དང་རིགས་སོ་སོའི་སྡེ་ཡི་འཐུས་མིར་འཚམས་འདྲི་བྱས། བཀྲ་ཤིས་ལྷུན་པོ་དགོན་དུ་དགོན་སྡེ་དོ་དམ་བྱ་བར་ཤུགས་སྣོན་དང་གསར་གཏོད་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། བཀྲ་ཤིས་ལྷུན་པོ་དགོན་ལ་སྒྲོམ་བྱང་ཕྱག་བྲིས་ཤིས་ཚིག་ཕུལ།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།