བརྩེ་བ་གངས་ལ་ཐིམ། དུངས་པ་ས་མཐོར་བཅིངས།

མེས་རྒྱལ་གྱི་ལྷོ་ནུབ་དུ་ཆགས་པའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི120ལྷག་ཡོད་པའི་བརྗིད་ཆགས་ཀྱི་བོད་ལྗོངས་ལ་མཚོན་ན། ལོ་ངོ70ཡར་སྔོན་གྱི་ཟླ5པའི་ཚེས23ཉིན་ནི། གངས་ལྗོངས་མཐོ་སྒང་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་ཏེ། 《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་གིས་བོད་ལྗོངས་ལ་ཞི་བའི་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་དེ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས།

  བརྩེ་བ་གངས་ལ་ཐིམ། དུངས་པ་ས་མཐོར་བཅིངས། གངས་ལྗོངས་མཐོ་སྒང་དུ་འཚོ་བ་རོལ་བཞིན་པའི་རིགས་སོ་སོའི་བུ་ཕྲུག་རྣམས་ལ་མཚོན་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་ཐུགས་ཁུར་གནང་ནས་བརྩེ་སེམས་བསྣམས་ཡོང་བ་དེ་ནི། ས་འདིའི་མི་དམངས་ཀྱི་སེམས་ལ་དྲོད་འཁོལ་བཞག་པ་ཡིན།

  ད་ལྟ། བོད་ལྗོངས་རིགས་སོ་སོའི་མི་དམངས་རྣམས་སེ་འབྲུའི་འབྲུ་གུ་བཞིན་དམ་དུ་འབྲེལ་ཡོད་པ་དང་། འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་ཀྱིས་རྣམ་པ་གསར་བ་ཕྱེས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲིལ་གྱི་འདུ་ཤེས་བརྟན་པོ་ཆགས་ནས་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བར་སྒུལ་ཤུགས་ཆེན་པོ་བསྩལ་ཡོད།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།