ཀོང་པོ་གཡུ་ཡི་ལུང་པ། ཕྱོགས་བཞིའི་སྐུ་མགྲོན་འཁོར་ས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ་70ཡི་རིང་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཉིང་ཁྲིའི་མི་རིགས་ཁག་གི་མི་དམངས་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་འབད་བརྩོན་ལྷོད་མེད་བྱས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དེ་བཞིན་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་དང་ཀོང་ཏུང་དང་ཧྥུའུ་ཅན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་འོག་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དེ་བས་སྲ་བརྟན་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་། མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་མངོན་ནས་མཚོ་བོད་ས་མཐོའི་ཐོག་གི་རབ་ཏུ་མཚར་བའི་མུ་ཏིག་ལྟ་བུར་གྱུར་ཡོད།

རབ་པ་གྲོང་ཚོ་ནི་སྤོ་བོ་རྫོང་རྡོ་རྗེ་ཤང་བདེ་སྐྱིད་གྲོང་ཚོའི་ཁོངས་གཏོགས་ཀྱི་རང་བྱུང་གྲོང་ཚོ་ཞིག་ཡིན་ཞིང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་75ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཐག་རིང་ལུང་ཁུག་གི་གྲོང་ཚོ་འདི་ཕྱི་རོལ་ཡུལ་དང་འབྲེལ་གཏུག་ཐུབ་པ་བྱ་ཆེད། བཅིངས་འགྲོལ་དམག་མིས་མི་དང་རྟ་ལ་བརྟེན་ནས་སྤོ་བོ་རྫོང་གྲོང་ནས་རྡོ་རྗེ་ཤང་བར་གྱི་འགྲོ་ལམ་ཐོག་མ་དེ་ཤར་གཏོང་ཐུབ་པར་བྱས། མ་གཞི་ས་རྡོའི་ལམ་འདི་ཀྱག་ཀྱོག་དང་གུ་དོག་པོ་ཡིན་ནའང་གྲོང་མི་ཚོར་དགའ་བ་དཔག་མེད་བྱུང་ཡོད།

རྡོ་རྗེ་ཤང་གི་འགྲོ་ལམ་ལ་བྱུང་བའི་འཕོ་འགྱུར་ནི་ཉིང་ཁྲིའི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བའི་བསྡུས་རིས་ཙམ་རེད། ལྷ་ཉིང་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གནམ་ཐང་མྱུར་བགྲོད་ལམ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པ། ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་དུམ་བུ་ལས་འགོ་བདེ་བླག་ངང་བཙུགས་པ། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་གཞུང་ལམ་སྤྱི་ལེ་7136བར་སྣུར་སྲིང་བྱས་པ་དང་། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། རྫོང(ཆུས)དང་དེ་བཞིན་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%དང་། 85% 52%བཅས་སོ་སོར་ཟིན་ཡོད། པེ་ཅིང་དང་། ཁྲེང་ཏུའུ། ཁྲུང་ཆིང་། ཀོང་ཀྲོའུ། ཤིས་ཨན་བཅས་ནས་ཉིང་ཁྲི་བར་གྱི་རྒྱལ་ནང་གི་མཁའ་ལམ་9ཤར་གཏོང་ཐུབ་སྟེ་2020ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་50ལྷག་ཙམ་ཟིན་ནས་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་ལྟེ་གནས་ཆེན་པོ་ཨང་གཉིས་པ་རགས་ཙམ་གྲུབ་ཡོད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་ངོགས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་རེད། ལོ་མང་རིང་རང་བྱུང་གི་རྐྱེན་ལས་ཡར་ཀླུང་གཙང་པོའི་རྒྱུད་བྱེ་ས་ཅན་ཚབས་ཆེན་དུ་གྱུར་ནས་སྔོ་ཁེབས་ཉུང་དུ་སོང་ཡོད།

གནས་ཚུལ་འདི་འདྲ་བ་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། ཐབས་ཤེས་ཡག་ཤོས་ནི་ལྗོན་ཤིང་འཛུགས་རྒྱུ་དེ་རེད། 2000ལོ་ནས་བཟུང་བྱེ་འགོག་ནགས་བཟོའི་འདུ་འགོད་མཚམས་འཇོག་གཏན་ནས་བྱས་མེད། ད་ཆ་སད་སྒོ་རྭ་གྲོང་ཚོས་ལྗོན་ཤིང་སྡོང་རྐང་ཁྲི་བཅུ་ལྷག་ཙམ་བཙུགས་པས་ཤིང་འཛུགས་རྒྱ་ཁྱོན་མུའུ་ཁྲི་7ཙམ་ཟིན་ཡོད།

ད་ཆའི་སད་སྒོ་རྭ་གྲོང་ཚོ་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་ནས་ཡིད་འོང་ལྟ་ན་སྡུག་པ་ཞིག་ཡོད། ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་དང་གཙང་ལ་གྲལ་འགྲིག་པའི་གྲོང་ཚོའི་ཁོར་ཡུག དེ་བཞིན་ཁྱད་ཆོས་མངོན་གསལ་དོད་པའི་ཀོང་པོའི་སྡོད་ཁང་གསར་པ་སྟར་པ་མང་པོ་དེ་གར་ཆགས་ཡོད། མི་ཚང་ཚང་མའི་སྒོ་རའི་ནང་མེ་ཏོག་རབ་ཏུ་བཞད་པ་དང་ཁང་པ་དཀར་ཆ་དོད་ལ་རྒྱ་ཆེ་ཞིང་། གྲོང་མི་རྣམས་སེམས་རྩ་འཁོལ་བ་མ་ཟད་ཚང་མའི་ངོ་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར།

“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་36བྱས་པ་དང་། བྱེ་ས་ཅན་མུའུ་ཁྲི་45བཅོས་སྐྱོང་བྱས་པ། ནགས་ཚལ་མུའུ་ཁྲི་18འདེབས་གསོ་བྱས་པ། དཔལ་འབྱོར་སྡོང་ཕྲུག་རྟེན་གཞི་མུའུ་ཁྲི་1ལྷག་ཙམ་བསྐྲུན་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་རྣམ་གྲངས་70ལེགས་སྒྲུབ་བྱས་པ། རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་2.6དོན་འཁྱོལ་བྱས་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཐང་སྟེང་གྲོང་ཚོར་འཕོ་འགྱུར་གསར་པ་བྱུང་ཡོད།

2019ལོར་ཐང་སྟེང་གྲོང་ཚོའི་གྲོང་གསེབ་དཔལ་འབྱོར་ཡོང་འབབ་བསྡོམས་སྒོར་ཁྲི་900ལྷག་ཙམ་ཟིན་ཡོད། གྲོང་མིའི་ཁྱིམ་ཚང་གི་ཡོང་འབབ་ལོ་རེ་བཞིན་འཕར་གྱིན་ཡོད་པས་ཚང་མའི་བདེ་སྐྱིད་སྟོན་གྲངས་ཤུགས་ཆེར་ཕྱིན་ཡོད།

2020ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་191.34ཟིན་པ་འདི་ནི་1986ལོར་ས་ཁུལ་སླར་གསོ་བྱས་ནས་འཛུགས་སྐབས་ཀྱི་ལྡབ་289ཡིན་པ་དང་ལོའི་ཆ་སྙོམས་འཕར་ཚད་18.1%ཟིན་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2020ལོར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ནས་ལྗོངས་ཡོངས་ཀྱི་སྒོར་14598ལས་སྒོར་4193མང་བ་ཡོད་པ་དང་རྒྱལ་ཡོངས་ཀྱི་སྒོར་17131ལས་སྒོར་1660མང་བ་ཡོད་པས། གྲོང་ཁྱེར་ཡོངས་ལྟོ་གོས་གཉིས་འཛོམས་ནས་འབྱོར་འབྲིང་གི་ཕྱོགས་སུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐུབ་ཡོད།

དཀའ་ཚེགས་ཆེ་བའི་ལོ་ངོ་70དང་འོད་སྟོང་འཕྲོ་བའི་ལོ་ངོ་70ཡི་རིང་། ཉིང་ཁྲིའི་ཕྱོགས་གང་ཅིར་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱེད་སྐབས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་པ་དང་། ལོ་བཅུ་ཕྲག་རིང་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ཉིང་ཁྲིས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གཟི་བརྗིད་ལྡན་ལ་བཀྲག་མདངས་འཚེར་བའི་ཉིང་ཁྲིའི་ལེའུ་བརྩམས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།