སྐྱིད་པའི་ཡར་ཀླུང་གཞུང་ལ། དཔལ་འབྱོར་རིག་གནས་དར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། དམངས་གཙོའི་བཅོས་སྒྱུར་གཏོང་ས་དང་པོ་དང་བོད་ཀྱི་རིག་གནས་ཀྱི་འབྱུང་གནས་ཡིན་པའི་ལྷོ་ཁ་གྲོང་ཁྱེར་དུ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་རིགས་ཁག་གི་སྤུན་ཟླ་ཚོ་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་ཧུར་ཐག་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་སྤྱིར་བཏང་གཏན་ནས་མིན་ལ་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཡང་ནས་ཡང་དུ་བཏོད་པ་དང་། འཕེལ་རྒྱས་དང་དར་རྒྱས་ཀྱི་མི་སེམས་འགུལ་བའི་སྙན་ངག་ཡང་ནས་ཡང་དུ་བརྩམས་ཡོད།

1959ལོར། སྣེ་གདོང་རྫོང་ཁེ་གསུམ་གྲོང་ཚོར་དམངས་གཙོའི་བཅོས་སྒྱུར་སྔོན་ལ་བཏང་བ་ནས་བཟུང་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་ལ་འཕོ་འགྱུར་འགྲོ་འགོ་བརྩམས།

1981ལོར། ལྷོ་ཁ་ས་ཁུལ་གྱིས་ཚོང་འདུས་སྐབས་དང་པོ་གཉེར་ནས་དཔལ་འབྱོར་ཚོང་དོན་སྤེལ་རེས་དང་ཚོང་ཟོག་བསྡུ་འགྲེམས་ཀྱི་ཐབས་ལམ་བཤངས།

1988ལོར། རྩེད་ཐང་གི་མུའུ་ཁྲི་ཟིན་པའི་འགོག་སྲུང་ནགས་ཚལ་རྟེན་གཞི་སྐྲུན་འགོ་ཚུགས་པ་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་མི་ཐབས་ནགས་བཟོའི་སྐྱེ་ཁམས་འདུ་འགོད་ལག་ལེན་བསྟར་འགོ་ཚུགས།

2000ལོར། ལྷོ་ཁ་ས་ཁུལ་གྱི་རྫོང་12ཚང་མར་ལོ་དྲུག་གི་འོས་འགན་སློབ་གསོ་ཁྱབ་གདལ་བྱུང་ནས་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སྔོན་ལ“ལོ་དྲུག་གི་འོས་འགན་སློབ་གསོ་ཁྱབ་གདལ”གྱི་དམིགས་ཚད་ལེགས་གྲུབ་བྱུང་།

2005ལོར། ལྷོ་ཁ་ས་ཁུལ་གྱི“གྲོང་ཚོ་ཚང་མར་སྦྲག་འཕྲིན་ཤར་གཏོང”གི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ཏེ་ས་ཁུལ་ཡོངས་ཀྱི་ཤང་གྲོང་ཁག་དང་གྲོང་ཚོར་གཞི་རྩའི་ཆ་ནས་གཟའ་འཁོར་རེར་སྦྲག་འཕྲིན་ཐེངས་གཉིས་རེ་སྐྱེལ་བ་མངོན་འགྱུར་བྱུང་།

2012ལོར། ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་དངོས་སུ་གཉེར་འགོ་ཚུགས་ཏེ“བོད་ཀྱི་འབྱུང་གནས”ཀྱི་རིག་གནས་སྤུས་རྟགས་ཉིན་རེ་བཞིན་གྲགས་ཆེ་རུ་སོང་།

2015ལོར། བསྡོམས་མ་དངུལ་སྒོར་དུང་ཕྱུར་96བཏང་བ་དང་ལོ་8ཙམ་འགོར་བའི་བོད་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་དང་པོ་རྫམ་ཆུ་ཤུགས་གློག་ཁང་དངོས་སུ་གཉེར་སྐྱོང་བྱས་ནས་གློག་གཏོང་འགོ་ཚུགས།

2016ལོར། ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་ལྷོ་ཁ་འདི་ཉིད་བོད་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ལྔ་པར་གྱུར།

2017ལོར། རྩེད་གོང་རིམ་མཐོའི་གཞུང་ལམ་དུ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལྷོ་ཁ་གྲོང་ཁྱེར་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ།

2018ལོར། རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭར་སྐུལ་སྤེལ་མྱུར་པོ་བཏང་ནས་བོད་དབུས་གློག་དྲ་ཤང་གྲོང་ཡོངས་ལ་ཁྱབ།

2019ལོར། ལྷོ་ཁ་གྲོང་ཁྱེར་དུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་གཅིག་ཀྱང་མ་ལུས་པ་དང་དབུལ་པོར་གྱུར་ཚད་ཀླད་ཀོར་བར་ཆག་ནས་དབུལ་པོ་དབུལ་ནག་གི་རྩ་བ་དྲུང་ནས་ཆོད།

2020ལོར། ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)12དང་། ཤང་གྲོང་82 སྲིད་འཛིན་གྲོང་ཚོ་452ཚང་མར་སྣུམ་ནག་ལམ་མམ་ཨར་འདམ་ལམ་བཏིང་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་གློག་འཁྲིད་ཚད་དང་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་ཁྱབ་ཚད་100%ཟིན།

2021ལོར། ལྷ་ཉིང་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་། ཤུགས་འགྲེམས་མེ་འཁོར་ལྷོ་ཁར་འབྱོར་ནས་ལྷོ་ཁ་གྲོང་ཁྱེར་དུ་མེ་འཁོར་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ།

ལྷོ་ཁ་གྲོང་ཁྱེར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་ནན་པོ་དང་ཐོན་སྐྱེད་ནུས་ཤུགས་ལ་ཟམ་མི་ཆད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་སྟེ་ཞིང་འབྲོག་ཐོན་ལས་གོང་འཕེལ་གཏོང་བའི་རེ་བ་གནམ་ལ་བཅོལ་བའི་དཀའ་གནས་ལས་རྦད་དེ་བསྒྲལ་ནས་དཔལ་འབྱོར་གྲུབ་ཆར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཕྱིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1990ལོའི་སྒོར་དུང་ཕྱུར་2.78ནས་2020ལོའི་སྒོར་དུང་ཕྱུར་215.4བར་འཕར་ནས་ཆ་སྙོམས་འཕར་ཚད་16.2%ཟིན་པ་དང་། ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་ཤུགས་ཆེན་སོང་བ། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་རེད།

དམངས་འཚོའི་ཞབས་ཞུ་མདུན་གྲལ་དུ་སླེབས་པ་དང་སྤྱི་ཚོགས་བྱ་གཞག་གི་མེ་ཏོག་མཉམ་དུ་བཞད། ལོ་ངོ་70སོང་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་དམངས་འཚོ་ལེགས་གཏོང་གི་གཙོ་གནད་དུ་བཟུང་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་ལྟར་སྒྲུབ་པ་བཅས་བྱས་པ་དང་། མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་སྐྱིད་དུ་སོང་ནས་དབུལ་པོར་གྱུར་ཚད་19.3%ནས་ཀླད་ཀོར་བར་ཆག་པ། འོས་འགན་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པ། གྲོང་གསེབ་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་བ། ཞིང་འབྲོག་ཁུལ་གྱི་རིན་མེད་སྨན་བཅོས་ཁྱབ་ཚད་100%ཟིན་པ། མཐོ་སློབ་སློབ་ཐོན་སློབ་མ་རྩ་བའི་ཆ་ནས་ལས་ཞུཌ་གང་མང་ཐུབ་པ། སྤྱི་ཚོགས་ཀྱི་འགན་བཅོལ་ཁག་ནང་ཞུགས་ཚད་97%ཡན་ཟིན་པ་བཅས་རེད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བརྟན་པོའི་ངང་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་རི་མོ་ཞིག་མིག་ལམ་དུ་མངོན། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་རྒྱུ་དམིགས་ཚད་དུ་བྱས་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་བ་བརྒྱུད། 2020ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་118.28དང་ནགས་ཚལ་ཁེབས་ཚད་24.79%ཟིན་པ་དང་། ཡར་ལྷ་ཤམ་པོའི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་བཏོད་པ། “རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་བཅས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་རི་མོ་ཞིག་མི་རྣམས་ཀྱི་མིག་ལམ་དུ་རིམ་གྱིས་མངོན་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།