མཛེས་པའི་ཉི་འོད་གྲོང་ཁྱེར། བོད་ལྗོངས་འཕེལ་རྒྱས་མེ་ལོང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་འབད་པ་སྟེ། འགྲིམ་འགྲུལ་སྟབས་བདེ་མེད་པ་ནས་ཕྱོགས་བཞི་མཚམས་བརྒྱད་གང་སར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། དབུལ་ཕོངས་རྗེས་ལུས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ། ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕུགས་བསམ་སྙིང་ལ་བཅངས་ནས་ཆུ་ཐུག་ན་ཟམ་པ་རྒྱག་པ་དང་རི་བོ་འཕྲད་ན་ལམ་བུ་བཏོད་དེ། གངས་ལྗོངས་ས་མཐོར་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་བས། “ལོ་ངོ་བདུན་ཅུའི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་སྟེ”མི་ཡུལ་གྱི་ངོ་མཚར་བཏོད་པ་རེད།

བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། ལྷ་ས་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་3ཙམ་དང་མི་གྲངས་ཁྲི་2ལྷག་ཙམ་ལས་མེད། ད་ཆ། ཏང་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ལྷ་ས་གྲོང་ཁྱེར་གྱི་བགྲོད་ལམ་སྒྲོམ་གཞི་སྤྱིར་ན་འཐུས་སྒོ་ཚང་དུ་ཕྱིན་ཏེ། དཔལ་འབྱོར་གསར་སྤེལ་ཁུལ་དང་། སྣེའུ་ཁུལ་གསར། རིག་གནས་གསར་གཏོད་གླིང་། མཁའ་འགྲུལ་ཁུལ་གསར། སློབ་གསོའི་གྲོང་བཅས་བསྐྲུན་པ་དང་། སྟོད་ལུང་བདེ་ཆེན་ཆུས་དང་སྟག་རྩེ་ཆུས་ཏེ“གྲོང་ཁྱེར་གྱི་ཁུལ་གཉིས”འཆར་འགོད་འཛུགས་སྐྲུན་བྱས་ནས། “ལྟེ་བ་གཅིག་དང་ཁུལ་གཉིས་དང་། ལྷོ་བྱང་སྦྲེལ་མཐུད། རྫོང(ཆུས)ཁག་ལ་སྐུལ་ཁྲིད། ཁྱད་ལྡན་གྲོང་རྡལ་ཆུང་ངུར་ཁྱབ་འགྱེད་བྱེད་པའི”གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆཌ་ཡོད། གྲོང་མི་བདེ་ཆེན་སྒྲོལ་དཀར་གྱིས། “སྣེའུ་ཁུལ་གསར་གསར་སྤེལ་མ་བྱས་གོང་དུ་དེ་ནི་གྲོང་ཚོ་ཞིག་ཡིན། སྐྱིད་ཆུས་བཅད་པ་མ་གཏོགས་ལྷ་ས་གྲོང་ཁུལ་དང་བར་ཐག་ཧ་ཅང་ཉེ་ཡང་། ཕར་ལ་བལྟས་ན་ཁེར་ཆགས་གླིང་ཕྲན་ལྟ་བུར་གྱུར་ཡོད། ཡིན་ན་ཡང་། ད་ཆ་སྣེའུ་ཁུལ་གསར་འདི་ཉིད་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པའི་གྲོང་ཁུལ་ཞིག་ཏུ་གྱུར་ནས་དེང་རབས་ཀྱི་ཉམས་ཀྱིས་ཕྱུག་ཡོད”ཅེས་བརྗོད།

སྣེའུ་ཁུལ་གསར་དུ། མང་ཚོགས་ཀྱི་རིག་གནས་ལུས་རྩལ་ལྟེ་གནས་དང་། དོན་གྲུབ་དངུལ་རྩའི་གྲོང་སོགས་ས་ཁམས་ཀྱི་མཚོན་རྟགས་རང་བཞིན་ལྡན་པའི་འཛུགས་སྐྲུན་བཟོ་བཀོད་ཕུད། ད་དུང་དེང་རབས་ཀྱི་གྲོང་ཁྱེར་ཕྱོགས་བསྡུས་གླིང་ཆེ་གྲས་སྣེའུ་དབན་ཏཱ་ཐང་ཆེན་ཡང་མི་རིང་བར་གཉེར་སྐྱོང་བྱ་རྒྱུ་ཡིན་ཞིང་་འདིའི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་ཇེ་ལེགས་དང་འཛད་སྤྱོད་ནུས་པ་ཇེ་མཐོར་འགྲོ་རྒྱུ་ཡིན་པ་མཚོན་ཡོད། 1952ལོར་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་0.05ལས་ཟིན་མེད་པ་དང་། 2020ལོར་ལྷ་ས་གྲོང་ཁྱེར་གྱི་ཚོང་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་340.16ཟིན་ཡོད།

བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། ལྷ་སར་རླངས་འཁོར་འགྲོ་སྐྱོད་ཐུབ་པའི་ཟམ་པ་དང་ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད། ཉེ་བའི་ལོ་ལྔའི་ནང་། ལྷ་སས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་2586གསར་དུ་བཟོས་ནས་ཤང་དང་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་དང་ཤང་དང་གྲོང་རྡལ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། རྩེད་ཐང་ནས་གོང་དཀར་གནམ་ཐང་བར་དང་ལྷ་ས་ནས་ནག་ཆུ་བར་གྱི་ཡངས་པ་ཅན་དུམ་བུའི་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཡངས་པ་ཅན་ནས་ནག་ཆུའི་བར་དང་། ལྷ་ས་ནས་གཞིས་རྩེའི་བར་གྱི་རིམ་མཐོའི་གཞུང་ལམ། ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་མགྱོགས་མྱུར་བསྐྲུན་ནས། ཉེ་འཁོར་དུ་ཆགས་པའི་གྲོང་ཁྱེར་གྱི་བགྲོད་ལམ་འགྲིམ་འགྲུལ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། 2020ལོར་གོང་དཀར་གནམ་ཐང་གི་ལྟེ་གནས་ཀྱི་ཕན་ནུས་མངོན་གསལ་དོད་དུ་ཕྱིན་པ་སྟེ། མཁའ་འགྲུལ་ལམ་ཐིག་100བར་མང་དུ་ཕྱིན་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་གྲོང་ཁྱེར་59ལ་གནམ་གྲུ་ཤར་གཏོང་ཐུབ་སྟེ། སྐྱེལ་འདྲེན་བྱེད་ཚད་ཁག་སོ་སོར་འགྲུལ་པ་མི་ཐེངས་ཁྲི་414.2དང་དངོས་ཟོག་ཏུན་ཁྲི་4.2ཟིན་གྱི་ཡོད།

ཉེ་བའི་ལོ་ལྔའི་རིང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གྲངས་འབོར་66ནས་85བར་མང་དུ་ཕྱིན་པ་དང་། ལོ་ཧྲིལ་པོའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་ཕྱིར་འཚོང་བྱེད་ཚད་100.8%ཟིན་ཏེ། སྲོལ་རྒྱུན་ཁེ་ལས་མི་ཉུང་བ་ཞིག་རིམ་བཞིན་ལྗང་མདོག་འཕེལ་རྒྱས་ཕྱོགས་སུ་གཞན་སྒྱུར་བྱེད་བཞིན་ཡོད།

སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན། དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད། ལྷ་ས་གྲོང་ཁྱེར་གྱིས“རི་གཉིས”ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ལ་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇཌ་སྲུང་ཡོལ་བསྐྲུན་རྒྱུར་དམིགས་ནས་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། རི་ཆུ་ནགས་ཞིང་དང་རྩྭ་ཐང་དང་མཚོ་མོ་ཕྱོཌ་བསྡུས་བཅོས་སྒྲིག་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “རི་ལ་ཤིང་འཛུཌ་པ”དང་། “གཙང་ཆུ་མཚོ་འཁྱིལ”“ཁྱིམ་དུ་དྲོད་རླངས་ཡོད་པ”“གྲོང་ཁྱེར་སྔོ་ལྗང་གིས་བསྐོར་བ”“ཆུ་རྒྱུད་ཉམས་གསོ”སོགས་ཀྱི་ལས་གྲྭ་ལག་བསྟར། ལྷོ་རི་སྤྱི་གླིང་དང་བྱང་རི་སྤྱི་གླིང་བསྐྲུན་པ་བཅས་ཀྱིས་རི་ལྡེབས་བྱེ་འགྱུར་གྱི་སྣང་ཚུལ་ལ་བཀག་འགོག་ནུས་ལྡན་ཐུབ་ནས་ཡུལ་མི་ཉིན་རེ་བཞིན་སྐྱིད་སྣང་དོད་དུ་འགྲོ་བཞིན་ཡོད། གྲོང་མི་ལི་ལགས་ཀྱིས། “ལྷ་སར། གྲོང་ཁྱེར་གྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད་པས། ཟས་གོས་འགྲོ་སྡོད་སོགས་གང་ཅིའི་ཐད་ལྷ་ས་དང་ནང་སའི་བར་གྱི་ཧེ་བག་རིམ་བཞིན་ཆུང་དུ་འགྲོ་བཞིན་ཡོད་ལ། སྐྱེ་ཁམས་ཁོར་ཡུག་ཀྱང་སྔར་བས་ལེགས་སུ་ཕྱིན་ནས་དུས་ཚིགས་བཞི་པོར་སྔོ་ལྗང་ལྡན་པ་མ་ཟད་ད་དུང་དུས་ཚིཌ་གསུམ་ནང་མེ་ཏོག་བཞད་ཡོད་པས་མཛེས་སྡུག་ལྷ་སའི་ཡིད་དབང་འཕྲོག་ཤུཌ་ཇེ་ཆེར་འགྲོ་བཞིན་ཡོད”ཅེས་བརྗོད།

ལྷ་སའི་འཕེལ་རྒྱས་རེ་རེ་ནི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུཌ་ཁུར་ཟབ་བཞེས་དང་ཡང་དག་པའི་འགོ་ཁྲིད། དེ་བཞིན་ཁ་གཏད་རོགས་སྐྱོར་གནང་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ལས་བྱུང་བ་ཡིན། དུས་རབས་གསར་པར་སླེབས་པའི་ལྷ་ས་འདི་ཉིད་སྔར་ལས་མཐོ་བའི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། ལྷ་སའི་མི་རིགས་ཁག་གི་མི་དམངས་ཚོས་སྤོབས་པ་དང་གདེང་ཚོད་ཆེན་པོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་མཆིས་སོ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།