མཐུན་སྒྲིལ་ལག་གདང་སྦྲེལ་ནས། གཅིག་མཐུན་འདུས་གྲུབ་གཏོད་དོ།

དུས་ཡུན་རིང་པོའི་ནང་། བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་མི་རིགས་ལས་དོན་གྱི་མཛད་ཇུས་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དོན་འཁྱོལ་དང་། མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་གཞི་ཚུགས་པ། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད། དྲིལ་བསྒྲགས་ཁྲིད་སྟོན་སློབ་གསོ་སོགས་ལ་ཤུགས་སྣོན། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་མི་རིཌ་ཁག་ཕན་ཚུན་སྤུན་ཟླ་ལྟར་བརྩེ་སེམས་ཟབ་པ་དང་། ལྟ་རེས་སྐྱོང་རེས། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་ཡག་པོ་མངོན་ཡོད།

མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་རྒྱས་འགྲོ་བའི་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་། ལས་དོན་ཐམས་ཅད་ཡག་པོ་སྒྲུབ་པའི་སྲོག་རྩ། ཡུན་རིང་བདེ་འཁོད་ཀྱི་གཞི་རྩའི་འགན་ལེན་བཅས་རེད།

བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་འབོར་ཆེན་ཞིག་ཞིང་ཆེན་དང་གྲོང་ཁྱེར་གཞན་དུ་ལྟ་སྐོར་དང་རྟོག་ཞིབ་ལ་འགྲོ་མྱོང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་མི་རིགས་ཁག་དབར་གྱི་དཔལ་འབྱོར་དང་རིག་གནས་ཐད་ཀྱི་སྤེལ་རེས་སྔར་བས་ཟབ་ཏུ་སོང་བ་དང་ཀྲུང་ཧྭ་མི་རིཌ་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། 2020ལོ་བར་བོད་ཀྱིས་མི་རིཌ་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུཌ་གཏོད་སྐོར་གྱི་སྲོལ་ཡིག་སོཌ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་1དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་4བཀྲམ་ནས་ལག་ལེན་བསྟར་ཡོད། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མ་དང་ངལ་རྩོལ་བ་ཞིང་ཆེན་དང་གྲོང་ཁྱེར་གཞན་དུ་ལས་ཞུགས་ལས་གཏོད་བྱེད་པར་སྐུལ་ལྕག་བྱས་ཏེ་ལོ་ལྟར་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་10%ཡན་ལྗོངས་ཕྱིར་ལས་ཞུགས་བྱེད་ཀྱི་ཡོད། ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་མི་སྣ་བོད་དུ་སློབ་གཉེར་དང་མ་འཇོག་ལས་དར་ལ་ཡོང་བར་སྐུལ་ལྕག་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ཤིང་། 2016ལོ་ཚུན་དུ་ཁྲལ་བསྡུ་དང་། དངུལ་རྩ། ས་ཞིང་སོགས་དང་འབྲེལ་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་52བཏོན་པ་དང་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་ནུས་ཕྱོད་དང་ཞབས་འདེགས་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་བར་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འཁྱོལ་བའི་མ་དངུལ་སྒོར་དུང་ཕྱུར་2535ཟིན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་གནང་བས། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་ལྗོངས་ཀྱིས་མཐའ་སྐྱོང་བོད་བརྟན་དང་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་ཏེ། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། རྒྱང་རིང་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ཚད་ལྡན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེན་ཏེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྐོར་གྱི་སྲོལ་ཡིག》ཐོག་མར་བཟོས་ནས་བཏོན་ཅིང་། སྲོལ་ཡིག་དེ་བཏོན་ནས་ལག་ལེན་བསྟར་བ་ནི་དུས་ལ་འཚམ་པ་དང་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་པས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཁྲིམས་སྐྱོང་གི་འགན་ལེན་ཐུབ་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱང་སྐྱོད་ལམ་གསར་པ་བཏོད་ཡོད།

དུས་ཡུན་རིང་པོའི་ནང་། རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲཌ་སློབ་གསོ་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལས་རིགས་ཁག་དང་མི་རིགས་ཁག་གི་བཞུགས་མོལ་སྤེལ་རེས་དང་། གཏམ་བཤད་འགྲན་བསྡུར། གླུ་གཞས་འགྲན་བསྡུར་བྱེད་སྒོ། སྐོར་སྐྱོད་སྒྲོག་འགྲེལ། གྲུབ་འབྲས་འགྲེམས་སྟོན། བོད་གསར་རྙིང་བསྡུར་བ་དང་སློབ་གསོའི་རྟེན་གཞིར་ལྟ་སྐོར། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བྱས་རྗེས་ཀྱི་ཆེད་དོན་སྙན་སེང་ཉན་པ་སོཌ་བརྗོད་དོན་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་སྣ་ཚོགས་པ། གཞི་རྟེན་གསར་པ་བཅས་ཀྱི་མི་རིཌ་མཐུན་སྒྲིལ་གྱི་དྲིལ་བསྒྲཌ་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་སྤེལ་ནས་མི་རིགས་ཁག་དང་ལས་རིཌ་ཁག་གི་མང་ཚོགས་ལ་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིཌ་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་བཏང་སྟེ་མི་རིཌ་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་བཏོད་ཡོད།

ལོ་ངོ་70ཟིལ་རླབས་དགུང་དུ་འཕྱུར། ལོ་ངོ་70གྲུབ་འབྲས་གཡུར་དུ་ཟ། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མི་དམངས་ཚོས་རང་ཉིད་ཀྱི་ནུས་ཤུགས་ཇི་ཡོད་བཏོན་ནས་མི་རིགས་མཐུན་སྒྲིལ་བྱ་གཞག་གི་རྩ་བ་རྒྱས་པར་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཐུན་མོང་ཐོག་སྐྲུན་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།