དམངས་གཙོའི་བཅོས་སྒྱུར་བཏང་བས། སྤྱི་ཚོགས་གསར་པ་ཤར་སོང་།

bf5526c2-ef83-44ca-9b63-52bb47382a1a.jpg

འདི་ནི་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་འདུ་འཛོམས་ཁྲོམ་སྐོར་བྱས་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་ལ་རྒྱལ་ཁ་ཐོབ་པར་སྤྲོ་སེམས་འཁོལ་པོས་དགའ་འབོད་བྱེད་བཞིན་པ།

5c8a63f3-acd5-4a75-a9cb-d644cf03910a.jpg

འདི་ནི་ལྷ་སའི་ཞིང་བྲན་འདུ་ཚོགས་ཐོག་བཅོས་སྒྱུར་བྱེད་རྒྱུའི་རེ་བ་འདོན་བཞིན་པ།

1548e80a-9f16-41b3-8f78-616a15167573.jpg

འདི་ནི་ཡར་ལངས་ཞིང་བྲན་གྱིས་ས་ཞིང་གི་བོགས་འཛིན་དང་སྐྱེད་ཆེའི་བུན་འཛིན་མེར་སྲེག་བཞིན་པ།

75ff5276-fe3f-47db-b016-0f7c56d5b16f.jpg

འདི་ནི་མི་ཚེ་ཕྱེད་ཀ་ལྷག་ཙམ་སྤྲང་པོའི་འཚོ་བ་སྐྱེལ་མྱོང་བའི་བསམ་གཏན་ལ་ས་ཞིང་བགོ་བཤའ་ཐོབ་པ།

979cd855-8781-4619-82c7-0ebf611103db.jpg

འདི་ནི་ཡར་ལངས་ཞིང་བྲན་ལ་ཕྱུགས་ཟོག་བགོ་བཤའ་ཐོབ་པ།

1951ལོའི་ཟླ་5ཚེས་23ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》 《གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་བསྡུ་རྒྱུ)ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དུས་དེ་ནས་བཟུང་བོད་འདི་ཉིད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ནམ་ཡང་ཐར་ཏེ། བོད་ཀྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་མངོན་འགྱུར་བྱུང་ཡོད།

བོད་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་རྙིང་པར་འགྱུར་ལྡོག་བཏང་ནས་ཞིང་བྲན་ཁྲི་ཚོ་བརྒྱར་རྦད་དེ་བཅིངས་འགྲོལ་བཏང་བ་དེ་ནི《གྲོས་མཐུན་དོན་ཚན་བཅུ་བདུན》ལ་ལྡན་དགོས་ངེས་ཀྱི་དོན་སྙིང་ཡིན་ལ་མི་དམངས་མང་ཚོགས་ཀྱི་བསམ་འདུན་ཡང་ཡིན།

བོད་རྙིང་པ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་ཏུ་གནས་ཤིང་། ལམ་ལུགས་དེས་མིའི་རིགས་ཀྱི་ལ་རྒྱར་གདུག་རྩུབ་ཆེན་པོས་རྡོག་རོལ་བཏང་བ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་ཚབས་ཆེན་བཏང་བ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་བ་ནས་འགོག་རྐྱེན་བཟོས་པ་བཅས་ཀྲུང་གོ་དང་འཛམ་གླིང་གི་ཡར་ཐོན་རླབས་རྒྱུན་དང་རྦད་དེ་འགལ་ཡོད། བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་དང་། སྨན་ཁང་། གཞུང་ལམ་བཅས་མེད་པ་དང་། བོད་རྙིང་པར་གང་ས་གང་དུ་གྱོན་གོས་ཧྲལ་ཧྲུལ་གྱོན་པའི་སྤྲང་པོས་ཁེངས་ཤིང་། ཁོང་ཚོ་ལྟོས་གྲོད་པ་མི་རྒྱགས་པ་དང་། གོས་ཀྱིས་ལུས་མི་དྲོས་པའི་ཁར་རང་དབང་ཞེས་པ་ནི་དེ་བས་གླེང་ཐབས་བྲལ།

མུན་ནག་དང་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་ལོ་རྒྱུས་ཀྱི་གར་སྟེགས་ནས་འབབ་ངེས་རེད།

1959ལོའི་ཟླ་3པར། བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་མི་དམངས་ཀྱི་འདུན་པ་དང་རྒྱབ་འགལ་བྱས་ཏེ《གྲོས་མཐུན་དོན་ཚན་བཅུ་བདུན》རྩིས་མེད་དུ་བཏང་ནས་མངོན་སུམ་འཛེམས་མེད་ངང་དྲག་པོའི་ངོ་ལོག་ཟིང་འཁྲུག་ཕྱོགས་ཡོངས་ནས་བསླངས། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁེ་ཕན་དང་བོད་ཀྱི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་བཏང་སྟེ་བོད་ས་གནས་སྲིད་གཞུང་མེད་པར་བཟོ་བ་དང་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ་དང་ཆབས་ཅིག བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་གཏོང་བའི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་བ་རེད།

དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བས་ཆོས་སྲིད་ཐ་དད་མངོན་འགྱུར་བྱུང་བ་རེད། ཐོན་སྐྱེད་རྒྱུ་ཆ་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་ལ་དབང་བའི་ལམ་ལུགས་རྩ་མེད་དུ་བཏང་ནས་ཞིང་འབྲོག་པ་ཁེར་རྐྱང་གི་དབང་བའི་ལམ་ལུགས་བཙུགས། “མངའ་བདག་ཆེན་པོ་གསུམ”གྱི་མི་ལུས་གཞན་བརྟེན་རྩ་མེད་དུ་བཏང་བས་ཞིང་བྲན་དང་བྲན་གཡོག་ལ་མི་ལུས་རང་དབང་ཐོབ། དམངས་གཙོའི་བཅོས་སྒྱུར་བྱེད་རིང་ཞིང་བྲན་དང་བྲན་གཡོག་ལ་ས་ཞིང་སོན་ཁལ་ཁྲི་280ལྷག་ཙམ(སྤྱི་ཆིང་ཁྲི་18.67)རག་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་ནས་གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཟོས་ཏེ་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། སྲིད་དབང་སྒེར་གཅོད་ནས་དམངས་གཙོ། དབུལ་ཕོངས་ནས་འབྱོར་ཕྱུག བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་དུས་རབས་གསར་པའི་ཕྱོགས་སུ་སྐྱོད་འགོ་ཚུགས།

དུས་དེ་ནས་བཟུང་འཛད་སྤྱོད་ཁང་དང་པོ་དང་། གྲོང་གསེབ་ཀྱི་ཡིད་རྟོན་ཁང་དང་པོ། དམངས་བཙུགས་སློབ་ཆུང་དང་པོ། མཚན་མོའི་སློབ་གྲྭ་དང་པོ། ཡིག་རྨོངས་སེལ་བའི་འཛིན་གྲྭ་དང་པོ། གློག་བརྙན་རུ་ཁག་དང་པོ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་པོ་བཅས་བཙུགས་པ་དང་། རྔ་ཆེན་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་བཏང་བས་ལྷ་སའི་གྲོང་མི་དཀྱུས་མར་གློག་བཞུ་ཐེངས་དང་པོ་སྤྱོད་རྒྱུ་བྱུང་བ་ལ་སོགས་རེད།

རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལོ་ངོ་70ཡི་རིང་འཕོ་འགྱུར་ཆེན་པོ་བྱུང་བ་དང་མི་ཡུལ་གསར་པ་བརྗེས་ནས་སྔོན་ཆད་དཀའ་སྡུག་ཚད་མེད་མྱངས་པའི་བོད་ལྗོངས་ལ་སླར་ཡང་གསོན་ཤུགས་འཕེལ།

ད་ཆའི་བོད་ལྗོངས་སུ་ལྕགས་ལམ་དང་། མཁའ་ལམ། གཞུང་ལམ་བཅས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་། ཆུ་བེད་དྲ་བ་དང་། གློག་དྲ། དྲ་སྦྲེལ་བཅས་གྲོང་ཚོ་དང་དུད་ཚང་དུ་ཁྱབ་སྟེ་ཟོག་འདྲེན་ཁལ་ཕྱུགས་ལ་བརྟེན་པ་ནས་མཁའ་ལམ་གང་སར་ཤར་གཏོང་ཐུབ་པའི་ཡུལ་དུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད།

ད་ཆའི་བོད་ལྗོངས་སུ་ངལ་རྩོལ་ལོ་ཚད་ཀྱི་མི་འབོར་གཙོ་བོར་སློབ་གསོ་ཐོབ་ཚད་ལོ་10.2ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་དར་སྤེལ་བཏང་ནས་བཀས་བཀོད་རྒྱུད་འཛིན་གྱི་བསམ་པའི་རིག་གནས་ཀྱི་ལྕགས་སྒྲོག་རྦད་དེ་གཏོར་ཡོད།

ད་ཆའི་བོད་ལྗོངས་སུ་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ནས་ལོ་71.1བར་རིང་དུ་ཕྱིན་ནས་ཞི་བས་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས(1951ལོ)ལས་ལྡབ་གཅིག་འཕར་ཡོད།

རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་བརྟན་པོར་ངེས་པའི་ལོ་རྒྱུས་ཀྱི་དྲན་ཤེས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོར“གུང་ཁྲན་ཏང་སླེབས་ནས་སྡུག་བསྔལ་བདེ་ལ་འཁོད་སོང”ཞེས་གསལ་བཤད་བྱེད་ཀྱི་ཡོད། ལོ་རྒྱུས་དེབ་ཐེར་ཐོག་བཀོད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་དེའི་ཕྱོགས་གང་ཅི་ཐད་ནས“ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལྡན་པའི་ལམ་ཆེན་ཐོག་སྐྱོད་བཞིན་ཡོད་པ”གསལ་པོར་མངོན་གྱི་ཡོད།

དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་སྤྱི་ཚོགས་ཡར་ཐོན་དང་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དུས་རབས་ལས་བརྒལ་བའི་འཕོ་འགྱུར་གལ་ཆེན་ཞིག་ཡིན་པ་དང་། དེས་བོད་ཀྱི་ཞིང་བྲན་དང་བྲན་གཡོག་ཁྲི་ཚོ་བརྒྱར་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། འཚོ་བ་བཅས་ཕྱོགས་མང་པོའི་ཐད་ཡར་ལངས་བཅིངས་འགྲོལ་ཐོབ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཏེ་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འགྲོ་ལམ་གསར་པ་ཞིག་བཏོད་པ་ལོ་རྒྱུས་ལས་ར་སྤྲོད་གང་ལེགས་བྱུང་ཡོད།

མིག་སྔར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་རྩོམ་པར་འབད་བརྩོན་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།