ཞི་བས་བཅིངས་འགྲོལ་བཏང་བས། བདེ་སྐྱིད་སྐྱ་རེངས་འཆར་བྱུང་།

c748f625-fdca-4b4f-8e13-dec71358b3e0.jpg

འདི་ནི་1951ལོའི་ཟླ་12ཚེས་20ཉིན་ལྷོ་ནུབ་དང་ནུབ་བྱང་ནས་བོད་དུ་དཔུང་སྐྱོད་བྱེད་མཁན་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེས་ལྷ་སར་ལྷན་འཛོམས་ཀྱི་ཚོགས་ཆེན་འཚོག་བཞིན་པ།

b1cbe774-db6a-4b81-85e7-8b874faeaaae.jpg

འདི་ནི་བོད་རིགས་སེར་སྐྱ་མང་ཚོགས་ཀྱིས་དཔུང་སྐྱོད་ལམ་བར་དུ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་ཅུན་ཀྲང་ཀྲང་གོ་ཧྭ་ལ་དཀར་གཙང་མཇལ་དར་སྒྲོན་བཞིན་པ།

8eb1c629-fe95-4039-9421-5dc606f11b32.jpg

འདི་ནི《གྲོས་མཐུན་དོན་ཚན་བཅུ་བདུན》ལ་མིང་རྟགས་འགོད་བཞིན་པ།

0cf65ae4-096c-4fc4-81ca-0aee9c09b483.jpg

འདི་ནི་བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་གི་སྨན་དོན་ལས་དོན་པས་དཔུང་སྐྱོད་ཀྱི་ལམ་བར་དུ་བོད་རིགས་སྤུན་ཟླར་ནད་བརྟག་སྨན་བཅོས་བྱེད་བཞིན་པ།

a27b54e7-327f-4e37-b541-a5965ae6f6b8.jpg

འདི་ནི་བོད་རིགས་མང་ཚོགས་ལས་གྲུབ་པའི་འགྱོགས་ཁྲི་རུ་ཁག་དམག་དཔུང་དང་མཉམ་དུ་དཔུང་སྐྱོད་བྱས་ཏེ་བཅིངས་འགྲོལ་དམག་ལ་རོགས་སྐྱོར་ཧུར་ཐག་བྱེད་བཞིན་པ།

e65e6291-4bbd-4f7c-8790-86aae6df953e.jpg

འདི་ནི་བོད་སྐྱོད་བཅིངས་འགྲོལ་དམག་མིས་བོད་རིགས་མང་ཚོགས་ལ་སྡོད་ཁང་གསར་པ་སྐྲུན་རོགས་བྱེད་བཞིན་པ།

སྐྱ་རེངས་ཤར་བས་གངས་ལྗོངས་ས་མཐོའི་རིམ་པ་སྟར་ཆགས་ཀྱི་གྲོང་མིའི་སྡོད་ཁང་ལ་འོད་སྣང་འཕྲོས།

གནའ་དུས་ནས་ད་བར“འཛམ་གླིང་ཡང་རྩེས”སྐྱ་རེངས་ཀྱི་འོད་སྣང་འདི་ལྟ་བུ་ག་ཚོད་བསུས་མིན་དཔོག་དཀའ་ཡང་མཚོ་བོད་ས་མཐོའི་ལོ་རྒྱུས་ཐོག་དམིགས་བསལ་གྱི་ལོ་ཞིག་ལ“སྐྱ་རེངས་ཤར་བ”ཞེས་འབོད་ཅིང་། ལོ་དེ་ནི་1951ལོ་རེད།

1951ལོའི་ཟླ་5ཚེས་23ཉིན་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འཐུས་མི་དང་བོད་ས་གནས་སྲིད་གཞུང་གི་འཐུས་མིས་པེ་ཅིང་དུ《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(《གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་བསྡུ་རྒྱུ)ཐོག་མིང་རྟགས་བཀོད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། བོད་ཀྱི་སྤྱི་ཚོགས་ལ་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་མངོན་དུ་འགྱུར།

《གྲོས་མཐུན་དོན་ཚན་བཅུ་བདུན》ལ་མིང་རྟགས་བཀོད་པ་དེ་ཐོག་ནས་ཀྲུང་གོའི་སྐམ་ས་ཆེན་པོར་རྦད་དེ་བཅིངས་འགྲོལ་བཏང་ནས། ཀྲུང་གོ་གསར་པས་བོད་ལ་འཛིན་པའི་བདག་དབང་གནས་བབ་ཆ་ཚང་བར་མངོན་ཞིང་། ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྒྲིལ་དང་། བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་། ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་དང་། ཆོས་ལུགས། དཔལ་འབྱོར། རིག་གནས་བཅས་ཀྱི་སྲིད་ཇུས་བོད་དུ་ལག་ལེན་བསྟར་རྒྱུ་འགན་ལེན་བྱུང་སྟེ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་སྒྱུར་བཅོས་ལ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ནས་དེ་ཉིད་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རབས་འབྱེད་པའི་མཛད་རྗེས་རྡོ་རིང་དུ་གྱུར་པ་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བརྩི་བཀུར་ཐོབ་ཡོད། ཞི་བས་བཅིངས་འགྲོལ་བཏང་རྗེས་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། རང་སྐྱོང་ལྗོངས་དབུ་བརྙེས་པ་བཅས་བརྒྱུད་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཉའ་གནོན་གཏོང་བའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བ་དང་། ངལ་རྩོལ་མི་དམངས་ཀྱིས་རང་ཉིད་ཀྱི་ལས་དབང་ལག་ཏུ་དམ་པོར་བཟུང་བ་དང་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད།

2021ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཀྲམ་པའི《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ཀྱི་མི་90%ཡན་ལ་རང་བདག་གི་སྡོད་ཁང་མེད་ཅིང་། གོས་ཀྱིས་ལུས་མི་དྲོས་པ་དང་ལྟོས་གྲོད་པ་མི་རྒྱགས་པའི་འཚོ་བ་སྐྱེལ་བ་དང་། 1951ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.29ཙམ་ལས་ཟིན་གྱི་མེད་པ། བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་ཡིག་རྨོངས་བས་95%ཙམ་ཟིན་གྱི་ཡོད། 《གྲོས་མཐུན་དོན་ཚན་བཅུ་བདུན》ལ་མིང་རྟགས་བཀོད་རྗེས་བོད་ཀྱི་བྱ་གཞག་ཁག་མངོན་གསལ་དོད་པོས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། དེང་རབས་སློབ་གསོའི་མ་ལག་རིམ་བཞིན་བཙུགས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། དེང་རབས་ཞིང་འབྲོག་བཟོ་ཚོང་ལས་རིགས་རིམ་བཞིན་དར་འགོ་ཚུགས་པ། རིག་གནས་བྱ་གཞག་མངོན་གསལ་དོད་པོས་ཡར་རྒྱས་བྱུང་ཡོད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་བོད་ཀྱི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་བྱུང་ཞིང་། སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་ནས་ཡར་རྒྱས་བཅས་བྱུང་ཡོད།

“བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་འོག《ཞལ་ལྕེ་བཅུ་གསུམ》དང《ཞལ་ལྕེ་བཅུ་དྲུག》ནང་མི་ལ་རིགས་གསུམ་དང་རིམ་པ་དགུར་དབྱེ་བ་དང་། ཞིང་བྲན་བདག་པོས་གདུག་རྩུབ་ཆེ་བའི་ཁྲིམས་གཅོད་ལ་བརྟེན་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་ལ་ཐོན་སྐྱེད་རྒྱུ་ཆ་མེད་ལ་མི་ལུས་རང་དབང་ཡང་མེད་པར་མཐའ་དག་ཞིང་བྲན་བདག་པོར་བརྟེན་དགོས་ཀྱི་ཡོད”བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་དྲུང་ཆེ་གཞོན་པ་སུན་ཡུང་གིས“ཞི་བས་བཅིངས་འགྲོལ་བཏང་ཚུན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཞིང་བྲན་དང་ཁོང་ཚོའི་རྗེས་རབས་པ་ཚོར་རང་དབང་ཐོབ་སྟེ་རང་ཉིད་ཀྱི་ལས་དབང་ལག་ཏུ་དམ་པོར་བཟུང་ཡོད། ཁོང་ཚོས་རང་མོས་གདམ་ག་བྱས་ཏེ་གཞུང་ལས་པ་དང་། ཚོང་པ། དགེ་རྒན། རིག་རྩལ་ལས་དོན་པ་སོགས་ལ་གྱུར་པ་དང་། ཐོབ་ཐང་ཡང་སྔར་བས་སྣེ་མང་ཅན་དུ་གྱུར་ནས་མི་ལུས་ཁེ་དབང་ལ་ཁྲིམས་མཐུན་གྱི་འགན་སྲུང་ཐུབ་ཡོད”ཅེས་གསུངས།

“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་ལ་བཅངས་པའི་བཀའ་དྲིན་མཚོན་པར་བྱས་ནས་བོད་རྙིང་པའི་མུན་ནག་དང་། རྗེས་ལུས། གདུག་རྩུབ་བཅས་ཆད་ལུས་མེད་ཅིང་ཡང་དག་པའི་སྒོ་ནས་འཛམ་གླིང་སྐྱེ་བོར་ཤོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རླབས་ཆེན་འཕོ་འགྱུར་དང་ཡར་ལངས་ཞིང་བྲན་བདག་པོར་གྱུར་རྗེས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་འཛམ་གླིང་སྐྱེ་བོར་མངོན་ཆེད་རེད”ཅེས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གསར་པའི་གྲ་སྒྲིག་འཛུགས་སྐྲུན་གཞུང་དོན་ཁང་གི་འགན་འཁུར་བ་ཆུང་ཚེ་རིང་གིས་བཤད།

ད་ཆ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པ་དང་། 2020ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལྷག་ཙམ་ཟིན་ནས་དཔལ་འབྱོར་གྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། 1951ལོ་ནས་2020ལོ་བར་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་སློབ་གསོར་འགྲོ་གྲོན་སྒོར་དུང་ཕྱུར་2239.65བཏང་ནས་བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་སློབ་གསོའི་མ་ལག་གཏོད་པར་སྐུལ་འདེད་བཏང་བ་དང་། ལོ་15ཡི་གཞུང་གྲོན་སློབ་གསོ་ལག་ལེན་བསྟར་བ། སློབ་ཆུང་དུ་ཨང་རྩིས་སློབ་ཁྲིད་བྱེད་ཚད་དང་། དམའ་འབྲིང་གི་ཨང་རྩིས་དང་། དངོས་ཁམས། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་སློབ་ཁྲིད་འཆར་གཞི་ལེགས་སྒྲུབ་བྱེད་ཚད། ལས་རིགས་ལག་རྩལ་སློབ་གྲྭའི་རྒྱལ་ཁབ་ཀྱི་དཀར་ཆག་ནང་གཏན་འབེབས་བྱས་པའི་སློབ་ཁྲིད་བྱེད་ཚད་བཅས་ཚང་མ་100%ཟིན་པ། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གྱི་འགག་སྒྲོལ་དུས་བཀག་བཞིན་ལེགས་གྲུབ་བྱུང་ཡོད།

“ཞི་བས་བཅིངས་འགྲོལ་བཏང་བའི་དུས་དེ་ནས་བཟུང་འཚོ་བ་གསར་པ་སྐྱེལ་བའི་རྒྱ་ཆེའི་ཞིང་བྲན་གྱི་འདུན་པ་རིམ་བཞིན་འཕེལ་བ་དང་། ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་གངས་ལྗོངས་ས་མཐོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པར་སླེབས་ཡོད། ལོ་རྒྱུས་དེབ་ཐེར་ནང་བཀོད་པའི་ཞི་བས་བཅིངས་འགྲོལ་བཏང་བའི་དོན་ཆེན་དེ་གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་བབ་ཆགས་ཀྱི་སྒོ་ནས་སེམས་སུ་བརྟན་པོར་ངེས་ཤིང་། བཅིངས་འགྲོལ་ཞེས་པ་དེའང་བོད་རིགས་མང་ཚོགས་མང་པོར་ཐུན་མོང་དུ་དབང་བའི་མིང་ལ་གྱུར་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སྤྱི་ཚོགས་རིག་པ་དང་དེང་རབས་བོད་ཀྱི་ལོ་རྒྱུས་རིགས་གཅིག་མཁས་ཅན་ཞིབ་འཇུག་པ་ཀུའོ་ཁེ་ཧྥན་གྱིས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།