​ཐུགས་རྗེའི་ཉི་མའི་འོད་ཟེར། གངས་ལྗོངས་ས་མཐོར་འཕྲོས་སོང་།

13652e67-afe3-4d2f-bf8c-9fbbf057016c.jpg

འདི་ནི་ཟླ་7ཚེས་21ཉིན་ནས་ཚེས་23ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་22ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྟོག་ཞིབ་གནང་སྐབས་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་བཞིན་པ།

ངེས་པར་དུ་བློ་ཐག་ཆོད་པོས་མང་ཚོགས་སྐུལ་སློང་དང་དམངས་གཙོའི་བཅོས་སྒྱུར་བྱས་ཏེ། བོད་རིགས་མི་དམངས་མང་ཚོགས་ལ་རྦད་དེ་བཅིངས་འགྲོལ་གཏོང་བ་དང་། བོད་ལྗོངས་ས་ཁུལ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་པ། རྒྱལ་ཁབ་ལ་རྒྱབ་གཏོད་དང་ཁ་ཕྲལ་བྱེད་སྤྱོད་ཀྱི་འབྱུང་རྩ་རྦད་དེ་མེད་པར་བཟོ་དགོས།

—— མའོ་ཙེ་ཏུང་།

འགག་རྩ་ནི་ཇི་ལྟར་བྱས་ཚེ་བོད་ཀྱི་མི་དམངས་ལ་ཕན་པ་བསྐྲུན་ཐུབ་པ་དང་། ཇི་ལྟར་བྱས་ཚེ་གཞི་ནས་བོད་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་ཀྲུང་གོའི་དེང་རབས་ཅན་བཞི་འཛུགས་སྐྲུན་བྱེད་རིང་མདུན་གྲལ་དུ་སྐྱོད་ཐུབ་མིན་ལ་ལྟ་དགོས།

—— ཏེང་ཞའོ་ཕིང་།

བོད་འདི་ཉིད་མེས་རྒྱལ་དང་ཁ་གཏན་ནས་བྲལ་དུ་འཇུག་མི་རུང་ལ་བོད་ལྗོངས་ཡུན་རིང་རྗེས་ལུས་ཀྱི་གནས་སུའང་མི་གྱར་བ་བྱེད་དགོས།

—— ཅང་ཙེ་མིན།

བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་སྤྱི་ཡོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཀྱི་འཚོ་གནས་དང་འཕེལ་རྒྱས། རྒྱལ་ཁབ་བདེ་འཇགས་དང་མངའ་ཁོངས་ཆ་ཚང་། རང་རྒྱལ་གྱི་གཟུགས་བརྙན་དང་རྒྱལ་སྤྱིའི་ཁོར་ཡུག་བཅས་དང་འབྲེལ་བ་ཡོད།

—— ཧུའུ་ཅིན་ཐའོ།

མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།

—— ཞི་ཅིན་ཕིང་།

བྱམས་བརྩེའི་ཐུགས་ཁུར། སྐུལ་ལྕག་ཆེན་པོ།

གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་ཀྱང་མེད་པ་ལོ་70ཡི་ལག་ལེན་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ། གཞི་ནས་བོད་ཀྱི་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ།

བློ་མཐུན་མའོ་ཙེ་ཏུང་གིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་མའོ་ཙེ་ཏུང་གི་དགོངས་པ་གསར་གཏོད་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བཅས་གནང་ཡོད། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད།

བློ་མཐུན་ཏེང་ཞའོ་ཕིང་གིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ། སྒྱུར་བཅོས་སྒོ་དབྱེ་ལག་བསྟར་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་གནང་ཡོད། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྒྱུར་བཅོས་སྒོ་དབྱེའི་མགྱོགས་ལམ་དུ་བསྐྱོད་ཡོད།

བློ་མཐུན་ཅང་ཙེ་མིན་གྱིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྲུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲུང་སྐྱོང་བྱས་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་བཏོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་21པའི་ཕྱོགས་སུ་སྐུལ་འདེད་བཏང་གནང་ཡོད། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་ཡོད།

བློ་མཐུན་ཧུའུ་ཅིན་ཐའོ་ཡིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་གྲུབ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་ཇུས་གྲུབ་ཡོད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྲུབ་འབྲས་ཐོབ་པའི་ངང་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཡོད། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

དར་ཆ་བསྒྲེངས་ནས་ཁ་ཕྱོགས་བསྟན། ཁ་ལོ་བསྒྱུར་ནས་ཕྱོགས་སྟོན་གནང་།

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད།

ད་ཐེངས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ཐེངས་གསུམ་པ་དེ་རེད།

1998ལོ་དང་2011ལོར་བློ་མཐུན་ཞི་ཅིན་ཕིང་ཉང་ཆུའི་ངོགས་སུ་ཆགས་པའི་བྲག་ཕྱི་གྲོང་ཚོར་རྟོག་ཞིབ་གནང་བར་སྔ་རྗེས་སུ་ཐེངས་གཉིས་ཕེབས་མྱོང་ཡོད་པ་དང་། ཁོང་གིས“ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རོགས་བྱས་ནས་མི་སེར་གྱི་འཚོ་བ་ཇེ་ལེགས་སུ་གཏོང་དགོས”ཞེས་བཀའ་མངགས་གནང་བ་རེད།

ལོ་བཅུ་སོང་ཡང་བརྩེ་སེམས་སྔར་བཞིན་གནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་དེ་གར་ཕེབས་པ་མ་ཟད། བྲག་ཕྱི་གྲོང་ཚོའི་ཉེ་འགྲམ་གྱི་ཀ་ལ་གྲོང་ཚོར་ཕེབས་ནས་འཕེལ་རྒྱས་ལ་གཟིགས་པ་དང་འཕོ་འགྱུར་སྐོར་གླེང་གནང་ཞིང་། བྱམས་བརྩེའི་བཀའ་མོལ་ལས་ས་གཞི་དེ་དང་ཡུལ་མི་སྤུན་ཟླ་ཚོར་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཐུགས་ཁུར་གནང་ལུགས་དེ་བས་ཀྱང་མཚོན་ཡོད།

ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་གནང་བའི་འཕྲིན་ལན་ནང་བར་ཐག་སྤྱི་ལེ་4000ལྷག་ཙམ་ཡོད་པའི་བོད་ལྗོངས་དང་རྒྱལ་ས་དམ་པོར་སྦྲེལ་ཡོད་ཅེས་འཁོད་ཡོད།

དུས་ཚོད་ལོ་5ཡང་མ་སོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚིག་ཉུང་དོན་ཟབ་ཀྱི་འཕྲིན་ལན་མང་པོ་སྤྲིངས་གནང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།

2017ལོར་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་བྱེད་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་སྟེ་ནག་ཆུས་ཚན་རྩལ་ལ་བརྟེན་ནས་ལྗོན་ཤིང་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཁམས་བདེའི་འཚོ་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཐུགས་རེ་ཆེན་པོ་གནང་བ་མ་ཟད། མངགས་བཅོལ་ཟབ་མོའང་གནང་ཡོད།

བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས་སློབ་གྲྭ་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་ལས་བཟོ་དང་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ “ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་ནང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་འཐབ་ཇུས་གནས་བབ་གལ་ཆེན་སླར་ཡང་ནན་བཤད་གནང་བ་དང་། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་དོན་སྙིང་གལ་ཆེན་གསལ་སྟོན་གཏིང་ཟབ་གནང་བ། བོད་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུར་བླང་བྱ་ཁ་གསལ་བཏོན་གནང་ཡོད།

རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མ་17ལ་སྤྲིངས་གནང་བའི་འཕྲིན་ལན་ནང་སྤྱི་ཁྱབ་ཧྲུའུ་ཅིས“བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་དེར། ངས་ཁྱེད་ཚོ་དང་དེ་བཞིན་བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན”ཞེས་དམིགས་སུ་བཀར་ནས་གསུངས་ཡོད།

ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས།

“4·25”ས་ཡོམ་བརྒྱབ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་གཉིས་གནང་ནས་ཉེན་སེལ་རྒུད་སྐྱོབ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ནི“4·25”ས་ཡོམ་གྱི་གནོད་འཚེ་ཕོག་ཚབས་ཆེ་ཁུལ་གྱི་གྲས་ཤིག་རེད། གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་བསྟུན་ནས་སྐྱིད་གྲོང་གྲོང་རྡལ་གྱི་མི་དམངས་ཀྱིས་བསྐྱར་སྐྲུན་གྱི་ཁྱིམ་ཚང་གསར་པའི་ནང་གཙོ་འཛིན་གྱི་སྐུ་པར་བཀལ་བ་དང་སྐར་ལྔའི་དར་དམར་གསར་རྐྱང་བསྒྲེངས་ཏེ་དེང་རབས་ཀྱི་མཐའ་མཚམས་ཡུལ་སྐོར་གྲོང་རྡལ་གསར་རྐྱང་ཞིག་དེ་སྔ་ཉམས་ཆག་ཆེན་པོ་བྱུང་བའི་ས་གཞི་ཆེན་པོའི་ཐོག་བསྐྲུན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་མི་རིགས་ཁག་གི་མི་སེར་འགྲོ་སྐྱོད་དཀའ་བའི་གནད་དོན་ལ་ཐུགས་ཁྲལ་གནང་གི་ཡོད། ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་60འཁོར་བའི་མཚམས་སུ་ཁོང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ“‘ལམ་གཉིས’ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་ནས་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

མཚོ་བོད་ལྕགས་ལམ་རྗེས་ཀྱི་བོད་སྐྱོད“མཁའ་ལམ”གཉིས་པ་ཡིན་པའི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་གནང་ནས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད།

འདི་ལོའི་ཟླ་7ཚེས་22ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཆེད་གཏོང་མེ་འཁོར་ལ་བཞུགས་ཏེ་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་སྐབས། “ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ་ནི་བོད་ཀྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད”ཅེས་གསུངས་ཡོད།

ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས།

ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་ཏང་གི་སྲོག་ཤིང་ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགྱུར་མེད་ཀྱི་དད་སེམས་དང་ཐུན་མོང་གི་འདོད་བློ་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།