དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ཀྱིས་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་ལྗོངས་དངུལ་ཁང་ཁོངས་གཏོགས་ཀྱིས་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ཀྱི་སྐུལ་ལྕག་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། “ཞིང་གསུམ”དང་། ཁེ་ལས་ཆུང་འབྲིང་། ཁྱད་ལྡན་ཐོན་ལས། དམངས་འཚོ་འགན་ལེན་སོགས་ཁྱབ་ཁོངས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པས། རིགས་ཁག་གི་ཁྲོམ་རའི་བདག་གཉེར་བས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་ཕྱིན་པ་དང་། བོད་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འགན་ལེན་བྱས་ཤིང་། བོད་ལྗོངས་ཀྱི་གནད་ཁེལ་དབུལ་སྐྱོར་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

W020210819338178217008.jpg

ཉིན་འདི་འགར་ལྷ་ས་གྲོང་ཁྱེར་གདོང་དཀར་རོང་འབྲོག་པའི་འཛུགས་སྐྲུན་དང་སྐྱེལ་འདྲེན་མཉམ་ལས་ཁང་གིས་ལོ་སྟོད་ཀྱི་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་གནས་ཚུལ་ལ་གྲོས་བསྡུར་བྱེད་བཞིན་ཡོད། 2011ལོར་གདོང་དཀར་གྲོང་ཚོར་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་། གཉེར་སྐྱོང་ཡོང་འབབ་སྒོར་ཁྲི2000ལྷག་ཟིན་པ་རེད། 2017ལོར་གདོང་དཀར་སྡེ་ཁུལ་གྱིས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི3000བསྐྱིས་ཏེ་ཚོང་ཁང་དང་། ཕྱོགས་བསྡུས་རང་བཞིན་གྱི་ཚོང་ལས་ཐོག་ཁང་། གྲོང་ལྷན་གྱི་ནུས་མང་བརྩེགས་རིམ་བཞི་ཅན་གྱི་ཐོག་ཁང་བཅས་བསྐྲུན་པས། ས་གནས་དེ་གའི་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཏུ་གྱུར་ནས་ལོ་རེར་བོགས་དངུལ་གྱི་ཡོང་འབབ་སྒོར་ཁྲི650ལྷག་ཡོད།

W020210819338178366610.jpg

W020210819338178368939.jpg

ཀྲུང་གོ་མི་དམངས་དངུལ་ཁང་གི་ཁོངས་གཏོགས་ཀྱིས་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི360ལྷག་ལ་ཐད་ཀར་ཕན་པ་ཐོབ་པ་དང་། ཤང་གྲོང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོ་དང་ཡོང་འབབ་འཕར་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། ཡོང་འབབ་དམའ་བའི་མང་ཚོགས་ལ་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཤིང་། 1.08%ཀྱི་དངུལ་བུན་སྐྱེད་ཚད་ལག་བསྟར་བྱས་པས་མང་ཚོགས་དབུལ་པོར་ཕན་པ་ཐད་ཀར་ཐོབ་པ་དང་། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། དངུལ་རྩའི་དབུལ་སྐྱོར་ཡིད་རྟོན་དངུལ་བུན་གཏོང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

W020210819338178368265.jpg

ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཝང་ཧུང་གིས་དབུལ་ཐར་འགག་སྒྲོལ་གྱི་ཐད་ང་ཚོས་རོང་འབྲོག་ཁུལ་ཏུ་ཡིད་རྟོན་གྱི་མ་ལག་བཏོན་ནས། མང་ཚོགས་རང་ཉིད་ཀྱི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་དང་ཡིད་རྟོན་གྱི་ཚད་གཞི་ལྟར། དངུལ་བུན་གྱི་གྲངས་ཚད་གཞི་རྩའི་ཆ་ནས་གཏན་འཁེལ་བྱས་ཡོད། འདི་ལྟར་བྱས་ཚེ་དངུལ་བུན་གྱི་ཡིད་རྟོན་གྲངས་ཚད་མཐོ་ཤོས་ཕལ་ཆེར་སྒོར་ཁྲི100རེད། ཁག་ཐེག་དང་གཏའ་མར་འཇོག་མི་དགོས་པའི་བྱེད་ཐབས་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་དང་། དེས་མང་ཚོགས་ཀྱི་དངོས་གཞིའི་དཔལ་འབྱོར་ཐད་དངུལ་རྩའི་ཞབས་ཞུ་ཡག་པོ་མཁོ་འདོན་བྱས་ཡོད་ཅེས་བཤད།

W020210819338178520576.jpg

W020210819338178369149.jpg

དངུལ་རྩའི་ལས་རིགས་ཀྱིས་བོད་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་། གྲོང་རྡལ་སྡོད་དམངས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ2016ལོའི་སྒོར27802ནས2020ལོའི་སྒོར41156བར་འཕར་ནས48.03%འཕར་སྣོན་བྱུང་ཡོད་ལ། ཞིང་སྡེའི་སྡོད་དམངས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ2016ལོའི་སྒོར9094ནས2020ལོའི་སྒོར14598བར་འཕར་ནས60.52%འཕར་སྣོན་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།