བོད་ལྗོངས་ཀྱིས་མཐའ་དར་དམངས་ཕྱུག་གི་འཐབ་ཇུས་ལག་བསྟར་བྱས་ནས་མཐའ་མཚམས་སུ་བདེ་སྐྱིད་ལམ་བུ་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70ཡི་རིང་མཐའ་མཚམས་བརྟན་བརླིང་འཕེལ་རྒྱས་དང་། མཐའ་དར་དམངས་ཕྱུག་གི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས། བོད་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱོགས་ཡོངས་ནས་བཏོད་པ་དང་། གངས་ལྗོངས་བུ་ཕྲུག་རྣམས་ཀྱིས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ཡོད།

W020210818335310088773.jpg

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་གནས་པའི་སྤ་སྟེང་གྲོང་ཚོ་དེ་སྔོན་ཆད་ས་ཁམས་གནས་ཡུལ་ཐག་རིང་ལ་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་མཐའ་མཚམས་གྲོང་ཚོ་ཞིག་ཡིན། ཟླ་འདིའི་ཚེས5ཉིན་ནི་གྲོང་ཚོ་ཡོངས་ཀྱི་དུད་ཚང38ཚང་མ་ཐོག་བརྩེགས་གཉིས་ཅན་གྱི་སྡོད་ཁང་གསར་བའི་ནང་གནས་སྤོས་པ་དང་། གྲོང་མི་ཡོངས་ཀྱིས་མཉམ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ཞིང་། ཚང་མས་གླུ་ལེན་གར་འཁྲབ་བྱས་ཏེ་ཏང་གི་སྲིད་ཇུས་བཟང་པོར་བཀའ་དྲིན་ཞུས་པ་རེད།

W020210818335310246488 (1).jpg

བོད་ལྗོངས་ཀྱི་མཐའ་མཚམས་ལམ་ཐིག་གི་རིང་ཚད་སྤྱི་ལེ4000ལྷག་ཟིན་པ་དང་། སྔོན་ཆད་ས་ཆ་མང་ཆེ་བའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པ་རེད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70ཡི་རིང་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་མཐའ་མཚམས་ས་ཁུལ་དུ་མ་དངུལ་གཏོང་ཤུགས་ལོ་རེ་བཞིན་ཇེ་མང་དུ་བཏང་བ་དང་། ལྷག་པར་དུ2012ལོ་ནས་བཟུང་མཐའ་མཚམས་ཀྱི་ཆུ་དང་གློག ལམ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་། 2020ལོའི་ལོ་མཇུག་བར་བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་སྒོ་ནས་སྤ་སྟེང་གྲོང་ཚོ་ལྟ་བུའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ604བསྐྲུན་པ་དང་། མཐའ་མཚམས་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་བྱས། གློག་དྲ་གཙོ་བོ་མཐའ་མཚམས་ཤང(གྲོང་རྡལ)ཚང་མར་སྣུར་སྲིང་བྱས་ལ། གྲོང་ཚོ་ཚང་མར་ཡིག་ཟམ་ཤར་གཏོང་ཐུབ་པ་མ་ཟད། སྤོ་འགུལ་འཕྲིན་གཏོང་དྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་ནས། ཞིང་སྡེའི་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་པ་དང་། ཐག་ཉེ་ས་ནས་སློབ་གྲྭར་འགྲོ་བ་དང་སྨན་བཅོས་བྱེད་པ་སོགས་ཀྱི་སྤྱི་པའི་ཞབས་ཞུར་སྔར་བས་སྟབས་བདེ་བསྐྲུན་པ་རེད།

W020210818335310242028.jpg

ཁྱིམ་ནི་ཆེས་ཆུང་བའི་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་ཡིས་གྲུབ་པ་ཡིན། ཏང་གིས་སྲིད་ཇུས་བཟང་པོ་རབ་དང་རིམ་པ་ལག་བསྟར་བྱས་པས་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་མ་ཟད། ཚང་མས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཁོངས་སྲུང་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས”པའི་ཡིད་ཆེས་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད། གངས་ལྗོངས་མཐོ་སྒང་གི་མཐའ་མཚམས་སུ་གནས་པའི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་དུ་ཤང་གི་ལས་བྱེད་པ་སྐལ་བཟང་བསྟན་འཛིན་གྱིས་ཉིན་རེར་གྲོང་མི་ཁྲིད་ནས་སྐོར་གཡེང་མཐའ་སྲུང་བྱེད་བཞིན་ཡོད། ཁོ་རང་ལོ13སྟེང་ནས་བཟུང་ཕྱོགས་གཅིག་ནས་ཕྱུགས་འཚོས་བ་དང་ཕྱོགས་གཞན་ཞིག་ནས་མི་དར་མ་དང་མཉམ་དུ་སྐོར་གཡེང་བྱས། མཐའ་མཚམས་སུ་སྐོར་གཡེང་བྱེད་པའི་ལས་དོན་དེ་ཁོང་གིས་ལོ་ངོ38རིང་སྒྲུབ་པ་རེད།

W020210818335310240788.jpg

མཐའ་དར་དམངས་ཕྱུག་བྱུང་ན་མཐའ་མཚམས་བརྟན་བརླིང་ཡིན། མཐའ་མཚམས་ཡག་པོ་སྲུང་བ་དང་ཆབས་ཅིག་ཏུ་གཞོན་ནུ་ཚོས་མཐའ་མཚམས་དར་རྒྱས་གཏོང་བའི་དུས་རབས་ཀྱི་ལས་འགན་ལྕི་མོ་ཡང་དང་ལེན་བྱས་ཡོད། 1994ལོར་སྐྱེས་པའི་སྐལ་བཟང་བསྟན་འཛིན་གྱི་བུ་མོཚེ་རིང་དབང་མོ་ཆེད་ཚན་སློབ་ཆེན་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་སྟེ། གྲོང་ཚོའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་འགན་གཙང་ལེན་བྱས་པ་རེད། ད་ལྟ་འདི་ལྟ་བུའི་གཞོན་ནུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཁོང་ཚོ་ཚང་མར་མཐའ་མཚམས་དར་རྒྱས་དང་མཐའ་མཚམས་སྟོབས་ཆེར་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བའི་ཐུན་མོང་གི་ཕུགས་འདུན་ཞིག་ཡོད། །

W020210818335310406142.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།