ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལྟེ་བའི་སྨན་ཁང་གི་ནད་སྡོད་པུའུ་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལྟེ་བའི་སྨན་ཁང་གི་ནད་སྡོད་པུའུ་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ལྟེ་བའི་སྨན་ཁང་2016ལོར་སྐྲུན་འགོ་ཚུགས་ཤིང་། ཀ་པ་རིམ་པ་གསུམ་པ་སོགས་ཕྱོགས་བསྡུས་སྨན་ཁང་གི་ཚད་གཞི་ལྟར་བསྐྲུན་པ་ཞིག་རེད། མིག་སྔར་དུས་ཐེངས་དང་པོའི་རྣམ་གྲངས་གཞི་རྩའི་ཆར་ལེགས་གྲུབ་བྱུང་བར་བསྡོམས་སྒོར་དུང་ཕྱུར་14བཏང་བ་དང་། ནད་ཁྲི་1000བསྒྲིགས་པ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་20ཟིན་ཡོད། རྣམ་གྲངས་བསྐྲུན་ཟིན་རྗེས་ལྗོངས་ཡོངས་ཀྱི་མང་ཚོགས་ཚོར་སྔར་བས་སྤུས་ཚད་ལེགས་པའི་སྨན་བཅོས་ཞབས་འདེགས་ཞུ་ངེས་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལྟེ་བའི་སྨན་ཁང་གིས“ནད་པ་གཙོ་བོར་འཛིན་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྨན་ཁང་གསར་པའི་བརྒྱུད་རིམ་བཀོད་སྒྲིག་དང་། བྱེད་ནུས་བཀོད་པ། ཞབས་ཞུའི་ཁྱབ་ཁོངས། ནད་བརྟག་སྨན་བཅོས་ཀྱི་ཁོར་ཡུག་བཅས་ཀྱི་ཇུས་འགོད་ཐད་མི་ཆོས་ཀྱི་བརྩེ་བ་མངོན་པ་དང་། “གཉིས་ཆག་གཅིག་འཕར”དང“ནད་ཆེན་ཐ་སྐྱོང”གི་དམིགས་ཚད་མངོན་འགྱུར། “བདེ་ཐང་ལྷ་ས”འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱེད་པར་རྨང་གཞི་བརྟན་པོ་འདིང་སྲིད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།