ཉིང་ཁྲི་ས་ཁུལ་ཏུ་བེ་ཤ་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་བྱུང་བ།

bb253998-8f68-47b1-a74c-47f140151e50.jpg

པར་འདི་ནི་མཉམ་ལས་ཁང་གི་ལས་བཟོ་བས་བེ་ཤ་དབྱེ་འབྱེད་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་གི་བེ་ཤ་ལས་སྣོན་གྱི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ལོ11རིང་། བེ་ཤ་ཉོ་སྒྲུབ་དང་། ལས་སྣོན། ཐུམ་སྒྲིལ། ཕྱིར་འཚོང་བཅས་བྱས་པ་བརྒྱུད། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་ནས་འབྱོར་འབྲིང་ལམ་དུ་བསྐྱོད་པར་སྐུལ་ཁྲིད་ཀྱི་ནུས་པ་ཐོན། མཉམ་ལས་ཁང་དུ་ད་ལྟ་གཏན་འཇགས་རྒྱུ་ནོར་ཁྲི4360ཡོད་ཅིང་། ལོ་འཁོར་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི1488ལ་ཟིན་པ་དང་ལོ་ཧྲིལ་བོའི་ཁེ་སྤོགས་སྒོར་ཁྲི163ལ་སླེབས་ཡོད་པས། འཚོ་བའི་ཆ་རྐྱེན་ཅུང་ཞན་པའི་མང་ཚོགས167ལ་ལོ་རེར་སྒོར1000ཁེ་སྤོགས་བགོ་བཤའ་རྒྱག་བཞིན་ཡོད་ལ། དུད་ཚང1600ཡི་རོང་འབྲོག་མང་ཚོགས4600སྐུལ་ཁྲིད་བྱས་ཏེ་ལོ་རེར་མི་རེར་ཆ་སྙོམས་སྒོར2800འབབ་འཕར་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།