《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི》རྗེས་དྲན་སྦྲག་རྟགས་ཀྱི་པར་རིས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་ཟིས་ཚེས16ཉིན་བོད་ལྗོངས་ལྷ་ས་ནས་རྗེས་དྲན་སྦྲག་རྟགས་འགྲེམ་སྤེལ་མཛད་སྒོ་བསྡུས་ལ། 2021ལོའི་ཟླ8པའི་ཚེས19ཉིན《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི》རྗེས་དྲན་སྦྲག་རྟགས་ཆ་ཚང1དང་སྦྲག་རྟགས1འགྲེམ་སྤེལ་བྱ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། སྦྲག་རྟགས་ཆ་ཚང་འདི་ནི་རོང་ཐེ་དང་ཧྲིན་ཅ་ཧོང་གིས་ཇུས་འགོད་བྱས་པ་ཡིན་ལ། པེ་ཅིང་སྦྲག་རྟགས་བཟོ་གྲྭ་ཚད་ཡོད་ཀུང་ཟིས་བརྙན་བྲིས་པར་འདེབས་ཀྱིས་དཔར་སྐྲུན་བྱས་པ་དང་། འཆར་གཞི་ལྟར་ན་སྦྲག་རྟགས་ཆ་ཚང7000འགྲེམ་སྤེལ་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི》རྗེས་དྲན་སྦྲག་རྟགས་འགྲེམ་སྤེལ་བྱ་རྒྱུ་རེད།