ལྷ་ས་གྲོང་ཁྱེར་གྱིས་རིག་ལྡན་རྒན་གསོའི་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཅན་ཡེ་ཆུས་དམངས་སྲིད་ཅུས་དང་མཐུན་སྦྱོར་བྱས་ཏེ་རྣམ་གྲངས་སྦྲེལ་མཐུད་དང་། ས་ཆ་དངོས་སུ་བརྟག་ཞིབ། བཞུགས་མོལ་ཚོགས་འདུ་འཚོཌ་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ལྷ་སའི་རིག་ལྡན་རྒན་གསོའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་གི་འབྲེལ་ཡོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

ལྷ་ས་གྲོང་ཁྱེར་གྱི་རྒན་གསོའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་ཆེད། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྲངས་གཞི་ཆེན་པོའི་ཅུས་དང་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱི་བཟོ་བཀོད་ཆེ་མོ་བ་དང་ནན་ཅིང་གྲོང་ཁྱེར་ཅན་ཡེ་ཆུས་དང་ཆ་འཕྲིན་ཅན་གྱི་ལས་སྟེགས་ཞིབ་སྤེལ་ཀུང་སིའི་ལག་རྩལ་མི་སྣ་གདན་དྲངས་ནས་བཞུགས་མོལ་བྱས་ཏེ་ལྷ་སའི་རིག་ལྡན་རྒན་གསོའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་གི་དགོས་མཁོ་དང་། ལྷ་ས་གྲོང་ཁྱེར་ན་རྒས་ཅན་གྱི་ཚད་གཞི། རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཁྱབ་ཚུལ། འགྲོ་སོང་འགན་ལེན་བཅས་དང་དེ་བཞིན་རགས་ཙམ་སྐྲུན་ཟིན་པའི་གྲོང་ཁྱེར་དང་། རྫོང(ཆུས) ཤང་དང་གྲོང་རྡལ(ཁྲོམ་གཞུང)གྲོང་ཚོ(གྲོང་ལྷན)བཅས་ཀྱི་རིམ་བཞིའི་མཐུན་སྦྱོར་མཉམ་འགུལ་དང་། ཁྱིམ་སྡོད་སྡེ་ཁུལ་གྱི་སྒྲིག་གཞི་དང་མཐུན་སྦྱོར། སྨན་བཅོས་དྲག་སྐྱེད་ཟུང་འབྲེལ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་སོགས་ཐད་ལ་སྤེལ་རེས་བཞུགས་མོལ་བྱས་ནས་ལས་སྟེགས་འཛུགས་སྐྱོང་བྱེད་རིང་རྒན་གསོའི་གྲངས་གཞིའི་ཐོན་ཁུངས་དང་། སྡེ་ཁུལ་དང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ། གྲངས་གཞིའི་འདེགས་སྐྱོར། དབྱེ་ཞིབ་བཀོལ་སྤྱོད། བཀོད་འདོམས་དང་བཀོད་གཏོང་། དྲ་སྦྲེལ་དང་རྒན་གསོ་གཉེར་སྐྱོང་། བདེ་སྐྱིད་ལྡན་པའི་ལྷ་སའི་APPཀྱི་མཐུད་སྣེ། སྲིད་དོན་གྱི་སྤྲིན་ཚོམས་མཐུད་སྣེ་སོགས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལྷ་སའི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་དང་གནད་སྨིན་ཞབས་ཞུ་སྒྲུབ་པར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་སྟེགས་དེར་གྲངས་གཞིའི་ཐོན་ཁུངས་དང་། ལྷ་སའི་རྒན་གསོའི་ཕྱོགས་བསྡུས་ཞབས་ཞུ། རིག་ལྡན་རྒན་གསོའི་ཞབས་ཞུ། དྲ་སྦྲེལ་དང་རྒན་གསོའི་གཉེར་སྐྱོང་སོགས་མ་ལག་ཕལ་པ་4ལས་གྲུབ་ཅིང་། རྒན་རྒོན་གྱི་ཆ་འཕྲིན་གྲངས་གཞིའི་མཛོད་འཛུགས་རྒྱུ་རྨང་གཞིར་བྱེད་པ་དང་། གཟུགས་གཞིའི་གནད་དོན་ཐོན་ཚེ་ལམ་སེང་མྱུར་སྐྱོབ་དང་། འཚོ་བར་ལྟ་སྐྱོང་། ཁྱིམ་ལས་ཞབས་ཞུ་བཅས་མཁོ་འདོན་བྱ་རྒྱུ་གཞི་རྩའི་ཞབས་ཞུའི་ཁོངས་སུ་བརྩི་བ། འབོད་བརྡའི་ལྟེ་གནས་དང་། ལག་ཐོགས་ཁ་པར་གྱི་APP སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བཅས་བཏོད་དེ་དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་གྱི་ཞབས་འདེགས་ཞུས་ཏེ་འཐུས་སྒོ་ཚང་བའི་ལྷ་ས་གྲོང་ཁྱེར་གྱི་རིག་ལྡན་རྒན་གསོའི་ཞབས་ཞུའི་ལས་སྟེགས་བསྐྲུན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།