སྐབས་བཞི་པའི“སྤྲོ་སྤྲོ་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བའི”ངོ་མཚར་ཉམས་འགྱུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་སྐབས་བཞི་པའི“སྤྲོ་སྤྲོ་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བ”ཚུགས་པ་དང་དེའི་རིང“ངོ་མཚར་ཆེ་བའི་ཆབ་མདོ། བོད་ཤར་གྱི་ལྟེ་བའི”དྲ་ཐོག་མིང་ཅན་གྱི་ཁྱུག་དབྱིངས་དྲིལ་བསྒྲགས་འགྲན་བསྡུར་ཆེ་མོ་དང་སྐབས་གཉིས་པའི“ཆབ་མདོར་ཡུལ་སྐོར་དང་། འཕེལ་རྒྱས་ལ་ལྟ་བ”དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པའི་བྱེད་སྒོ སྐབས་གཉིས་པའི་འཕྲེད་བཅད་རི་རྒྱུད་ཡུལ་སྐོར་གྱི་མཐོ་རིམ་གླེང་སྟེགས། སྤྲོ་ཞིང་སྤྲོ་བའི་ཁམས་པའི་ཞིམ་ཟས་འགྲན་བསྡུར་ཆེ་མོ། སྒེར་འཁོར་བཏང་ནས་G317སྒྲོལ་བ་སོགས་ཀྱི་བྱེད་སྒོ་མང་པོ་ཞིག་སྤེལ་ཡོད།

ཆབ་མདོ་གྲོང་ཁྱེར་གྱི་སྐབས་བཞི་པའི“སྤྲོ་སྤྲོ་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བའི”འགོ་ཚུགས་མཛད་སྒོའི་ཐོག ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱི་འགོ་ཁྲིད་འཐུས་མི་དང་། ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)བཅུ་གཅིག་གི་མི་དམངས་སྲིད་གཞུང་གི་འཐུས་མི། ཐེན་ཅིན་གྲོང་ཁྱེར་དང་། ཁྲུང་ཆིང་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་བཅས་ཀྱི་བོད་སྐྱོར་ལས་དོན་རུ་ཁག་དང་དེ་བཞིན་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་སོགས་སྡེ་ཚན་དང་ཁེ་ལས་30ལྷག་ཙམ་གྱི་འཐུས་མིས་བོད་ཀྱི་ཉམས་འགྱུར་ལྡན་པའི་གླུ་གར་གྱི་སྟོན་མོ་གཟབ་རྒྱས་ཉམས་སུ་མྱང་ཡོད།

དེ་རྗེས་ཆབ་མདོའི་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་གླུ་གཞས《ངོ་མཚར་ཆེ་བའི་ཆབ་མདོ》ཞེས་པའི་གླུ་དབྱངས་གྲགས་པ་དང་སྦྲགས་སྐབས་གཉིས་པའི“ཆབ་མདོར་ཡུལ་སྐོར་དང་། འཕེལ་རྒྱས་ལ་ལྟ་བ”དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པའི་བྱེད་སྒོ་སྤེལ་ཏེ། ཏང་ཡོན་བརྒྱ་ལྷག་ཙམ་ཡུལ་སྐོར་རླངས་འཁོར་བཞི་ལ་བསྡད་ནས་འཇོ་མདའ་རྫོང་སྐམ་ཐོག་གསར་བརྗེའི་ཡུལ་སྐོར་ཁུལ་དུ་ཡོང་ནས་བཅིངས་འགྲོལ་དམག་མིའི་བོད་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་ནས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་རེད།

“ངོ་མཚར་ཆེ་བའི་ཆབ་མདོ། སྤྲོ་སྤྲོའི་ཁམས་པའི”ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ལྡན་ཤུགས་སྔར་བས་དྲིལ་བསྒྲགས་བྱས་ཏེ་མི་རྣམས་ལ་ཆབ་མདོའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཁམས་པའི་རིག་གནས་ངོམས་སྟོན་གང་ལེགས་བྱས་པ་རེད། 2021ལོའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྐབས་བཞི་པའི“སྤྲོ་སྤྲོ་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བའི”བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི“2021ལོའི་ཆབ་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་འདེམས་པའི་འགྲན་བསྡུར”ཇ་རྟའི་ཐང་ཆེན་དུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད།

ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་2021ལོའི་སྤྲོ་སྤྲོ་ཁམས་པའི་ཞིམ་ཟས་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་ཆབ་མདོ་གྲོང་ཁྱེར་གྱི་ཇ་རྟའི་ཐང་ཆེན་དུ་བདེ་བླག་ངང་གཉེར་བ་རེད།

ད་ཐེངས་ཀྱི་ཞིམ་ཟས་འགྲན་བསྡུར་ནང་བདམས་ཐོན་པ་ཚོས་བྱང་ཆུབ་པའི་རྩལ་ནུས་དང་ལག་རྩལ་ངོམས་པ་མ་ཟད་ཆབ་མདོའི་ལོ་རྒྱུས་ཡུན་རིང་ལྡན་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་ཀྱང་བཤམས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།