2021ལོའི་ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་རིགས་ལག་རྩལ་འགྲན་སྡུར་བདེ་ལེགས་ངང་མཇུག་བསྡུས་པ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་བོད་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་བསུ་བ་བྱ་ཆེད། སྤྱི་ཟླ7པའི་ཚེས29ཉིན། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། གཉན་རོང་རྫོང་མི་དམངས་སྲིད་གཞུང་དང་གཉན་རོང་རྫོང་དཀར་ཕྱོགས་འབྲོག་རྭ་བཅས་ཀྱིས་འགན་སྒྲུབ་བྱས་པའི“2021ལོའི་ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་དམངས་ལས་རིགས་ལག་རྩལ་འགྲན་སྡུར་སྐབས་བཞི་པའི”མཇུག་བསྡུ་མཛད་སྒོ(གཤམ་དུ་ལག་རྩལ་འགྲན་བསྡུར་ཞེས་བསྡུ་བ)གཉན་རོང་རྫོང་དཀར་ཕྱོགས་འབྲོག་རྭར་བསྡུས་ཤིང་། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཧྥན་ལིན་གྱིས་མཇུག་བསྡུའི་ཤིས་ཚིག་ཕུལ་བ་དང་འབྲེལ་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་བྱ་དགའ་གནང་། ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཏང་ཙུའི་ཧྲུའུ་ཅིའམ་ཅུའུ་ཀྲང་གཞོན་པ་ཁྲེན་ཀོང་ཐོན་གྱིས<<ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་དམངས་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་བཞི་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བྱ་དགའ་ཐོབ་པའི་བདམས་ཐོན་པ་དང་ཚོགས་པའི་གཏན་འབེབས>>སྒྲོག་སྦྱངས་གནང་ནས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་འགྲན་ཞུགས་པ་དང་ཚོགས་པ་དག་ལ་གཟེངས་བསྟོད་བྱ་དགའ་གནང་།

4.jpg

ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་གཙོ་གཞོན་པ་སྐྱ་རྡོ་ཡིས་ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ལས་རིགས་མང་བ་དང་རིམ་པ་མང་བའི་ནུས་རྩལ་གསོ་སྦྱོང་བྱས་ཤིང་། སྲོལ་རྒྱུན་འབྲོག་ལས་ཀྱི་ལག་རྩལ་ཤེས་ལྡན་མི་སྣའི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ནས་ལག་རྩལ་ཤེས་ལྡན་མི་སྣའི་བསྡུར་ཚད་དང་བྱང་ཚད་ཟམ་མི་ཆད་པར་མཐོར་འདེགས་བཏང་ཡོད་པ་དང་། མིག་སྔའི་བར། སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲོམ་རའི་སྣེ་ཁྲིད། མི་སྒེར་གྱི་ཟབ་ཞུགས་བཅས་ཀྱི་ལག་རྩལ་ཤེས་ལྡན་མི་སྣའི་གསོ་སྦྱོང་མ་ལག་རིམ་བཞིན་ཆགས་ནས་ཤེས་ལྡན་མི་སྣའི་གསོན་ཤུགས་སྔར་བས་འཕེལ་ཏེ། རྒྱ་ཆེའི་འབྲོག་ཁུལ་གྱི་གཞོན་ནུ་ཚོ་ལག་རྩལ་ལ་དགའ་ཞིང་ལག་རྩལ་སློབ་པ། ལག་རྩལ་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་བཅས་ཀྱི་རྣམ་པ་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། ད་ལྟ་ཞིང་འབྲོག་དམངས་ལས་རིགས་ལག་རྩལ་འགྲན་བསྡུར་སྤེལ་བ་བརྒྱུད། འབྲོག་ལས་ཀྱི་ལག་རྩལ་ཤེས་ལྡན་མི་སྣའི་རྩེར་སོན་ལག་རྩལ་འགྲེམས་སྟོན་དང་འབྲོག་ལས་རིག་གནས་ཀྱི་རྨང་གཞི་མངོན་པར་མཚོན་པའི་ལས་སྟེགས་ཤིག་ཧུར་ཐག་གིས་བཏོད་དེ། རྒྱ་ཆེའི་ཞིང་འབྲོག་པའི“ལག་རྩལ་ལ་བརྟེན་ནས་འཚོ་བ་རོལ་ཞིང་ཁྱད་ལྡན་ཐོན་རྫས་ལ་བརྟེན་ནས་འཚོ་བ་རོལ་བ། ཐོན་ལས་ལ་བརྟེན་ནས་འཚོ་བ་རོལ་བ”བཅས་ལ་རོགས་རམ་ནུས་ལྡན་སྒོས་ནག་ཆུ་ས་གནས་ཀྱི་ཁྱད་ལྡན་འབྲོག་ལས་ཐོན་རྫས་ལྗོངས་ཡོངས་དང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་སྟེ། གྲོང་གསེབ་དར་སྤེལ་དང“ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་གཉིས་པ”མངོན་འགྱུར་བྱ་ཆེད་སླར་ཡང་བཀྲག་མདངས་གསར་པ་བསྣན་ཡོད་ཅེས་བཤད།

5.jpg

”གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་རྒྱབ་སྐྱོར་འོག གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ལག་རྩལ་ཤེས་ལྡན་མི་སྣའི་གསོ་སྦྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ལག་ཤེས་པའི་སྙིང་སྟོབས་དར་སྤེལ་བཏང་བ། ལག་རྩལ་ཤེས་ལྡན་མི་སྣ་གསོ་སྦྱོང་དང་བེད་སྤྱོད། གདེང་འཇོག ལྕག་སྐུལ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ངལ་རྩོལ་ལ་བརྩི་འཇོག་དང་ལག་རྩལ་ལ་བརྩི་མཐོང་། གསར་གཏོད་ལ་སྐུལ་མ་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཅིང་། ངལ་རྩོལ་པ་དང་ལྷག་པར་དུ་ན་གཞོན་མང་པོ་ཞིག་ལག་རྩལ་ལ་བརྟེན་ནས་ཤེས་ལྡན་པར་འགྱུར་བ་དང་། ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལམ་བུའི་ཐོག་བསྐྱོད་རྒྱུར་ལྕག་སྐུལ་བྱས། རྗེས་མར་ང་ཚོས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལམ་སྲོལ་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། ལག་རྩལ་འགྲན་བསྡུར་སྤེལ་བ་བརྒྱུད་ལག་རྩལ་ཤེས་ལྡན་མི་སྣ་འབུར་དུ་ཐོན་པར་བྱས་ནས་རིམ་པ་མཐོ་བ་དང་བྱང་ཚད་མཐོ་བ། ལག་རྩལ་མཐོ་བ་བཅས་ཀྱི་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་བཏོད་དེ། གྲོང་གསེབ་དར་སྤེལ་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱ་རྒྱུ་ཡིན”ཞེས་ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཏང་ཙུའི་ཧྲུའུ་ཅིའམ་ཅུའུ་ཀྲང་གཞོན་པ་ཁྲེན་ཀོང་ཐོན་གྱིས་དེ་ལྟར་བཤད།

6.jpg

ཟླ7པའི་ཚེས26ཉིན་ནས་ཚེས29ཉིན་བར། འཐུས་མི་རུ་ཁག11གིས་བདམས་ཐོན་པ96མངགས་ནས་ཉིན་གསུམ་རིང་འགྲན་བསྡུར་བྱས་ཤིང་། འགྲན་བསྡུར་རྣམ་གྲངས9ཡི་ནང་འགྲན་ཞུགས་པ63ལ་བྱ་དགའ་ཐོབ། གསེར་རྙེད་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་དང་། གཉན་རོང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། སྦྲ་ཆེན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་བཅས་ལ་ཕུལ་བྱུང་གི་རྩ་འཛུགས་བྱ་དགའ་ཐོབ། འགྲན་བསྡུར་ཧྲིལ་པོར་ལག་རྩལ་གསར་གཏོད་བྱ་དགའ7དང་ལག་ཤེས་པའི་སྙིང་སྟོབས11 ཨང་གསུམ་པའི་བྱ་དགའ21  ཨང་གཉིས་པའི་བྱ་དགའ15 ཨང་དང་པོའི་བྱ་དགའ9བཅས་ཐོབ་པ་དང་། དེའི་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན9ནི་ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། ནག་ཆུ་གྲོང་ཁྱེར་ལག་རྩལ་གསལ་འབྱེད་ལྟེ་གནས་ཀྱིས“ལག་རྩལ་མཁས་ཅན”ལ་གཏན་འཁེལ་བྱས་པ་དང་འབྲེལ་གཟི་བརྗིད་མཚན་སྙན་དཔང་ཡིག་སྤྲད།

8.jpg

ཐེངས་འདིའི་ལག་རྩལ་ནུས་འགྲན་བསྡུར་བདེ་ལེགས་ངང་སྤེལ་བ་བརྒྱུད་དེ། ལག་རྩལ་ཤེས་ལྡན་པ་དང་སྲོལ་རྒྱུན་ལག་ཤེས་པ་འབོར་ཆེན་ཞིག་གསོ་སྐྱོང་དང་སྐྱེད་སྲིང་། འདེམས་སྒྲུག་བཅས་བྱས་ཡོད་པས། རྒྱ་ཆེའི་ངལ་རྩོལ་པའི་བསྡུར་སློབ་བསྙེགས་བརྒལ་དང་ལག་རྩལ་མཐོར་འདེགས་སུ་གཏོང་བའི་ལས་ཀའི་སྤྲོ་སེམས་འཕེལ་དུ་བཅུག་སྟེ། ༼ངལ་རྩོལ་གཟི་བརྗིད་དང་ལག་རྩལ་ནུས་ཆེ། གསར་གཏོད་རླབས་ཆེན་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་སྔར་བས་ཆགས་པར་བྱས་ནས་དཔེ་སྟོན་དང་སྣེ་ཁྲིད། དབུ་ཁྲིད་བཅས་ཀྱི་ནུས་པ་ཐོན་ཡོད་པ་དང་། མཇུག་མཐར་གཉན་རོང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ངོ་མཚར་བའི་གླུ་གར་འཁྲབ་སྟོན་ཁྲོད་ཐེངས་འདིའི་འགྲན་སྡུར་བདེ་བླག་ངང་ཡོངས་སུ་མཇུག་བསྡུས་པའོ། ། 

9.jpg

10.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།