ཉིང་ཁྲིིའི་བེ་ཤ་ཐོན་ལས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་བར་རམ་འདེགས་བྱས།

2.jpg

པར་འདི་ནི་གྲོང་མི་ཞིག་གིས་བེ་ཤ་འཐོག་བཞིན་པའི་ཚུལ་རེད། 

3.jpg

4.jpg

5.jpg

6.jpg

7.jpg

8.jpg

9.jpg

པར་འདི་ནི་བེ་ཤ་གཡོས་སྦྱོར་བྱེད་བཞིན་པའི་ཚུལ་རེད། 

“འདི་དག་ནི་བོད་ལྗོངས་ཉིང་ཁྲི་ནས་བཏོགས་པའི་བེ་ཤ་གསར་བ་ཡིན་ལ། ཚང་མ་རི་སྐྱེས་དང་རང་བྱུང་གི་འབག་བཙོག་བཟོས་མེད་པའི་བེ་ཤ་ཡིན་པས། ཚང་མས་བྲོ་བ་མྱོང་རོགས”ཞེས་སྐབས་དང་པོའི་ཨའོ་མིན་དང་བོད་ལྗོངས་ཉིང་ཁྲིའི་བེ་ཤ་ཞིམ་ཟས་རིག་གནས་དུས་ཆེན་སྟེང་དུ་ཉིང་ཁྲིའི་བེ་ཤ་ལ་བརྟེན་ནས་མི་རྣམས་ཀྱི་ཡིད་སེམས་བཀུགས་པ་རེད།

ཐོག་མཐའ་བར་གསུམ་དུ་བོད་ལྗོངས་བེ་ཤ་ལ་ཁྲོམ་རའི་དགའ་བསུ་ཐོབ་ཀྱིན་ཡོད་ལ། ལྷག་པར་དུ་ཉིང་ཁྲི་བེ་ཤའི་མིང་གྲགས་ཤིན་ཏུ་ཆེ། 2020ལོར་བོད་ལྗོངས་ཉིང་ཁྲིའི་ཐོན་ཚད་ཏུན60སླེབས་པའི་ཁྲོད་ཉིང་ཁྲིའི་བེ་ཤ་ཡིས་ཕྱེད་ཀའི་ཡན་ཟིན་ཡོད། ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་གི་གྲོང་མི་རྒྱ་མཚོས་བཤད་རྒྱུར“སྔ་དྲོ་བེ་ཤ་བཏོགས་རྗེས་ཕྱི་དྲོ་ཆེད་མི་འཚོལ་བསྡུ་བྱེད་དུ་ཡོང་ནས་འཚོང་མི་ཐུབ་པར་སེམས་ཁུར་བྱེད་མི་དགོས། ཡིན་ཡང་བེ་ཤའི་རིན་གོང་ལ་ཐོན་ཚད་ཀྱི་ཤུགས་རྐྱེན་ཐེབས་པས་ང་ཚོ་ཀོང་པོ་རྒྱ་མདའི་བེ་ཤ་བསྡུ་བའི་རིན་གོང་རྒྱ་མ་གང་ལ་སྒོར280རེ་ཡིན་ཏེ། གནས་ཚུལ་ལེགས་ཚེ་མི་རེའི་ཉིན་རེར་སྒོར་སྟོང་ཡན་བཙོངས་ཐུབ”ཟེར།

 ཉིང་ཁྲི་གྲོང་ཁྱེར་བེ་ཤ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ལུའུ་མིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱིས‘མཐུན་ཚོགས+ཁེ་ལས+ཞིང་དུད’ཀྱི་དཔེ་དབྱིབས་གྲུབ་ནས་ཉོ་སྒྲུབ་དང་ལས་སྣོན། ཕྱིར་ཚོང་གཞི་གཅིག་སྒོས་བེ་ཤ་ཆུང་ཆུང་བོད་ལྗོངས་ཕྱི་རུ་སྐྱོད་པར་རམ་འདེགས་བྱས་ཏེ། ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་མངོན་འགྱུར་བྱུང་བར་སྣེ་ཁྲིད་བྱས་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།