བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུ་སྤྱོད་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་སྔར་ལས་སྟབས་བདེ་ཡིན་ཞིང་མགྱོགས་མྱུར་ཅན་གྱི་སྨན་བཅོས་འགན་སྲུང་ཞབས་ཞུ་ལོངས་སྤྱོད་བྱ་ཆེད། ཟླ8པའི་ཚེས1ཉིན་བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུའུ་ཡིས་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་སྤྱོད་མགོ་ཚུགས་པ་དང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ཁྱབ་གདལ་བེད་སྤྱོད་ཀྱི་མཛད་སྒོ་སྤེལ་བ་རེད། 

བོད་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུ་ནི་ལྗོངས་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་ཕན་བཟོ་འགོད་ཅིག་ཡིན་ལ། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་བྱུང་བའི་ཆུ་ཚད་ཇེ་མཐོ་རུ་གཏོང་བའི་རྨང་གཞིའི་བཟོ་འགོད་ཅིག་ཀྱང་ཡིན། རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་སྨན་བཅོས་འགན་སྲུང་གི་ཆ་འཕྲིན་སྟེགས་བུ་དེ2019ལོར་སྐྲུན་མགོ་ཚུགས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་སྨན་བཅོས་འགན་བཅོལ་གྱི་བྲེ་བྲག་མ་ལག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་བྲེ་བྲག་མ་ལག་སོགས་རིགས་བརྒྱད་ཀྱི་བྱེ་བྲག་མ་ལག14སྔ་གཞུག་ཏུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་མ་དངུལ་སྒོར་དུང་ཕྱུར1.32བཏང་ཡོད། ལས་སྟེགས་སྤྱོད་མགོ་ཚུགས་རྗེས་ལྗོངས་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲི360ལྷག་གིས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བ་དང་། ནད་ལྟ་བ་དང་སྨན་བཅོས་ཀྱི་སྨན་རིན་རྩིས་རྒྱག་པའི་ཐད་ནས་སྔར་ལས་ཕན་འབྲས་ཆེ་བ་དང་སྟབས་བདེ་ཡིན་པ། སྔར་ལས་རིག་ནུས་ཅན་བཅས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཆབས་ཅིག བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་དང་སྨན་བཅོས་འགན་བཅོལ་དང་གནས་འཁེལ་སྨན་བཅོས་སྒྲིག་གཞི། སྨན་བཅོས་འགན་བཅོལ་དང་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་བར་ཡང་ཕན་ཚུན་འབྲེལ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་རེད། ལས་སྟེགས་སྤྱོད་མགོ་ཚུགས་པ་དང་མཉམ་དུ་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ཡང་དུས་གཅིག་ཏུ་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུ་ཡིན་པ་དང་། ལྗོངས་ཡོངས་ཀྱིས་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དང་ཐོབ་ཐང་ལག་ཁྱེར། སྤྱི་ཚོགས་འགན་བཅོལ་བྱང་བུ་བཅས་བརྒྱུད་དེ། སྨན་བཅོས་འགན་བཅོལ་འགྲོ་གྲོན་འཕྲལ་དུ་རྩིས་རྒྱག་པའི་དུས་རབས་སུ་སླེབས་ནས། “ཤོག་བུ་དང་སྨྱུ་གུ”ནས“འོད་དང་གློག”བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱས་ཡོད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།