བོད་ལྗོངས་ཀྱི་གྲངས་འཛིན་གྲོང་ཚོ་འཛུགས་སྐྲུན་གྱི་ཕྲེང་བསྟར་བྱ་འགུལ་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཀྱི་གྲངས་འཛིན་གྲོང་ཚོ་འཛུགས་སྐྲུན་གྱི་ཕྲེང་བསྟར་བྱ་འགུལ་སྤེལ་མགོ་རྩོམ་པའི་ཚོགས་ཆེན་དེ་ཉིང་ཁྲི་རུ་བསྡུས།

ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པའམ་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཉིའུ་དབྱི་པིན་གྱིས་ཡིག་ངོས་ནས་ཤིས་ཚིག་ཕུལ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་ཡིས་གྲོས་ཚོགས་ལ་ཞུགས་ཏེ་ཤིས་ཚིག་ཕུལ།

ཕྲེང་བསྟར་བྱ་འགུལ་གྱིས“བརྗེ་རེས་དང་འཕེལ་རྒྱས། མཉམ་སྤྱོད”རྩ་དོན་དུ་བྱས་ནས། “ཞིང་ལས་སྟོབས་ལྡན་དང་གྲོང་ཚོ་མཛེས་སྡུག ཞིང་བ་འབྱོར་ཕྱུག”གི་དམིགས་འབེན་ལ་དམིགས་ཏེ། བོད་ལྗོངས་ཀྱི“གྲངས་འཛིན་དཔལ་འབྱོར”འཛུགས་སྐྲུན་ཕྲེང་བསྟར་བྱ་འགུལ་གྱི་མགོ་ཚུགས་མཛད་སྒོ་དང་། རྣམ་གྲངས་ལ་གན་རྒྱ་འཇོག་པའི་མཛད་སྒོ། བོད་ལྗོངས་ཀྱི“གྲངས་འཛིན་དཔལ་འབྱོར”གླེང་སྟེགས། བོད་ལྗོངས“གྲངས་འཛིན་གྲོང་ཚོ”འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་ཚོགས་འདུ། “གྲངས་འཛིན་གྲོང་ཚོ”མི50ཡི་གླེང་སྟེགས་བོད་ལྗོངས་ཀྱི་གྲོས་ཚོགས་སོགས་སྤེལ་བ་བརྒྱུད། བོད་ལྗོངས་ཀྱི“གྲངས་འཛིན་གྲོང་ཚོའི”འཕེལ་རྒྱས་མཉམ་ལས་སྟེགས་བུ་བསྐྲུན་ཏེ། ཚད་གཞི་ཆེས་ཆེ་བའི་སྒོ་ནས་ཆ་འཕྲིན་ཅན་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྲོད་ཀྱི་སྣེ་ཁྲིད་ནུས་བ་འདོན་སྤེལ་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་ལ་གྲོང་ཚོ་གྲངས་འཛིན་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།