《མེ་འཁོར་བསྡད་དེ་ལྷ་ལྡན་གྲོང་ལ་འགྲོ》ཞེས་པ་ལས་ལེའུ་དང་པོ《ནམ་ཡང་ཞེ་ལ་ཐོགས་པའི་པོ་ཏ་ལ》།

ཅི་ཕྱིར་མི་མང་པོ་ཞིག་གི་སེམས་སུ་ནམ་ཡང་བོད་ལྗོངས་ལ་འགྲོ་འདོད་སྐྱེས་པ་ཡིན་ནམ། ཡང་ན་མི་མང་པོ་ཞིག་བོད་ལྗོངས་དང་བྲལ་རྗེས་ཅི་ཕྱིར་བོད་ལྗོངས་ལ་ཞེ་ཐོགས་པ་ཡིན་ནམ།

ཆུ་ཚོད40ལྷག་ལ་བར་ཐག་སྤྱི་ལེ3757བརྒལ་ནས་བོད་ལྗོངས་སུ་བསྐྱོད་པའི་མེ་འཁོར་ལ་བསྡད་ནས་འགྲུལ་བ་རེ་རེར་དྲིས་ཚེ། ཁོ་ཚོར་རྒྱུ་མཚན་སྣ་ཚོགས་ཤིག་བཤད་རྒྱུ་ཡོད་དེ། ཁོ་ཚོས་མཛེས་སྡུག་གི་པོ་ཏ་ལ་བལྟ་འདོད་པ་དང་། ཡང་ན་ཞིམ་མངར་གྱི་ནས་ཆང་ལ་རོལ་འདོད་པ། གཞན་བོད་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྣམ་པར་རོལ་མྱོང་བྱེད་འདོད་པ་སོགས་ཡོད། 

ཆེད་དོན་ཞིབ་བརྗོད་གློག་བརྙན《མེ་འཁོར་བསྡད་དེ་ལྷ་ལྡན་གྲོང་ལ་འགྲོ》ཞེས་པའི་ལེའུ་དང་པོ《ནམ་ཡང་ཞེ་ལ་ཐོགས་པའི་པོ་ཏ་ལ》ལས་ང་ཚོ་དང་མཉམ་དུ་གངས་ལྗོངས་མཐོ་སྒང་གི་ཁྱད་མཚར་བའི་སྟོབས་ཤུགས་ལ་འཚོལ་ཞིབ་ཐེངས་ཤིག་བྱ།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།