ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་ཐན་ཞོད་འགོག་བཅོས་ཀྱི་དངོས་ཟོག་གསོག་ཉར་དང་དངུལ་གཏོང་ལ་ཤུགས་བསྣན་ཞིང་། ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་སྒོར་ཁྲི8000གི་དངོས་ཟོག་གསོག་ཉར་བྱས་ཏེ་ཐན་ཞོད་འགོག་བཅོས་ལ་གྲ་སྒྲིག་བྱས་པ་དང་། དེའི་ནང་ཀྲུང་དབྱང་གི་དངོས་ཟོག་སྒོར་ཁྲི1158ཡོད་པ་དང་། རང་སྐྱོང་ལྗོངས་ཡོངས་ཀྱི་དངོས་ཟོག་སྒོར་ཁྲི1686། གྲོང་ཁྱེར་རིམ་པའི་དངོས་ཟོག་སྒོར་ཁྲི2688། རྫོང་རིམ་པའི་དངོས་ཟོག་སྒོར་ཁྲི2510བཅས་ཡོད། 2020ལོའི་ལོ་མཇུག་ཏུ་མ་དངུལ་སྒོར་ཁྲི7740བགོ་སྤྲོད་བྱས་པ་དང་དེའི་ནང་ཆུ་བེད་རྒུད་སྐྱོབ་མ་དངུལ་སྒོར་ཁྲི1740ཡོད་ལ། རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཐོན་སྐྱེད་མྱུར་སྐྱོབ་མ་དངུལ་སྒོར་ཁྲི6000ཡོད།
ད་ལོའི་ཐན་ཞོད་འགོག་བཅོས་ཀྱི་བྱ་བ་ལེགས་པོར་སྒྲུབ་ཆེད། ཟླ4པར་བོད་ལྗོངས་ཀྱིས2021ལོའི་ལྗོངས་ཡོངས་ཀྱི་ཆུ་མཛོད་ཆེ་འབྲིང་ཁག་དང་ཆུ་རྒྱུན་གཙོ་བོ། གྲོང་ཁྱེར་དང་ས་ཁུལ་སོ་སོའི་ཐན་ཞོད་འགོག་བཅོས་ཀྱི་སྲིད་འཛིན་འགན་འཁྲི་མི་སྣའི་མིང་ཐོ་བཅས་ཁྱབ་བསྒྲགས་བྱས་ཏེ། སྔ་མོ་ནས་ཐན་ཞོད་འགོག་བཅོས་བྱ་བ་བཀོད་སྒྲིག་བྱས་ཤིང་། ཆུ་ལོག་ཞིབ་བཤེར་ཆེད་དམིགས་བྱ་བའི་ཚན་ཆུང2མངགས་ཏེ་ཟླ4བའི་ཚེས6ཉིན་ནས་ཚེས23ཉིན་བར་གྲོང་ཁྱེར་དང་ས་ཁུལ7གྱི་རྫོང39ལ་སོང་ནས་ཆུ་ལོག་ཞིབ་བཤེར་བྱ་བ་སྤེལ་ལ། ཞིབ་བཤེར་ལས་ཐོན་པའི་གནད་དོན33ལ་ལེགས་བཅོས་བླང་བྱ་བཏོན་ནས་དུས་བཅད་ནང་ལེགས་འགྲུབ་བྱེད་དགོས་པ་གཏན་འཁེལ་བྱས། ཆུ་བེད་ལག་རྩལ་མི་སྣས་གཞི་རིམ་ལ་ཞབས་ཞུ་བྱེད་པའི་བྱ་བའི་ཚན་ཆུང7མངགས་ཏེ་ས་ཁུལ་སོ་སོའི་ཆུ་ལོག་སྔོན་འགོག་བྱ་བར་མཛུབ་སྟོན་བྱས། ཞོན་སྐྱོན་འགོག་བཅོས་ཀྱི་མ་དངུལ་སྒོར་ཁྲི1539དངོས་འབེབས་བྱས་ཏེ་ཞོད་སྐྱོན་འགོག་བཅོས་ལས་གཞི་སླར་གསོ་བྱས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
བོད་ལྗོངས་ཀྱིས་སྒོར་ཁྲི8000གི་དངོས་ཟོག་གསོག་ཉར་བྱས་ཏེ་ཐན་ཞོད་འགོག་བཅོས་ལ་གྲ་སྒྲིག་བྱས།