ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉང་གཡག་ནི་བོད་ལྗོངས་ཀྱི་ཕྱུགས་རྒྱུད་བཟང་བོའི་ནང་གསེས་ཤིག་ཡིན་ཞིང་། དེའི་གཟུགས་པོ་ཆེ་ཞིང་འོ་མའི་ཐོན་ཚད་མང་བ། ཤའི་སྤུས་ཚད་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་ཉང་གཡག་གི་རྒྱུད་བཟང་ལེགས་ཆར་བརྟེན་ནས། ཕྱུགས་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། བོད་ལྗོངས་ཉང་གཡག་འབྲི་གཡག་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས“ཀུང་སི+རྟེན་གཞི+མཉམ་ལས་རྩ་འཛུགས+འབྲོག་ཁྱིམ”གྱི་རྣམ་པ་སྤྱད་དེ། ལྷ་རི་རྫོང་གི་ཤང་དང་གྲོང་རྡལ་སོ་སོའི་མཉམ་ལས་རྩ་འཛུགས49དང་ཕྱུགས་གསོ་ཁྱིམ་ཚང160བར་ཡུན་རིང་གི་མཉམ་ལས་གན་རྒྱ་བཞག་ནས། ཤ་དང་འོ་མ་ཉོ་སྒྲུབ་བྱས་པ་བརྒྱུད་ཕྱུགས་ལས་ཐོན་རྫས་ལས་སྣོན་བྲིན་ཚོང་བྱས་ཏེ། ཉང་གཡག་གི་སྐད་གྲགས་ཆོད་ཚད་ཇེ་མཐོར་བཏང་བ་དང་ས་གནས་ཕྱུག་འགྱུར་བྱུང་བར་སྐུལ་ཁྲིད་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ལྷ་རི་རྫོང་གིས་ཉང་གཡག་ཐོན་ལས་ཅན་གྱི་གསོ་སྤེལ་ལ་བརྟེན་ནས་ཕྱུག་སྒྱུར་ཐབས་ལམ་རྒྱ་བསྐྱེད་པ།