ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་བདུན་ཅུའི་རིང་། བོད་ལྗོངས་སུ་དེང་རབས་ཀྱི་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པ་དང་ལོ15ཡི་གཞུང་གྲོན་འོས་འགན་སློབ་གསོ་ལག་ལེན་བསྟར་བ་སོགས་བྱ་ཐབས་སྣ་ཚོགས་བཟུང་བས། ཡིག་རྨོངས་སེལ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་དང་མི་རེའི་ཆ་སྙོམས་སློབ་གསོ་ཐེབས་ཚད་མཐོ་རུ་ཤུགས་ཆེ་ཕྱིན་ཡོད། བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་གྲ་རྒྱས་གོང་འཕེལ་གྱི་རྒྱབ་ཤ་དཀར་པོའི་དེབ་ནང་། དེང་སྐབས་བོད་ལྗོངས་ངལ་རྩོལ་པའི་མི་རེའི་ཆ་སྙོམས་སློབ་གསོ་ཐེབས་ཚད་ལོ13ལྷག་ཙམ་ཟིན་ཡོས་ཅེས་འཁོད།
བོད་ཀྱི་སློབ་གསོའི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཆེད། སྤྱི་ལོ1951ལོ་ནས2020ལོའི་བར་རྒྱལ་ཁབ་ནས་སློབ་གསོའི་ཐད་ཁྱོན་གྲོན་དངུལ་སྒོར་དུང་ཕྱུར2239.65བཏང་སྟེ། བོད་ལྗོངས་སུ་བུ་བཅོལ་སློབ་གསོ་དང་རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། སློབ་ཆེན་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ལ་ཁྱབ་པའི་དེང་རབས་སློབ་གསོའི་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་བ་མ་ཟད། བུ་བཅོལ་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ15ཡི་རིན་མེད་སློབ་གསོའི་སྲིད་ཇུས་དང་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ15ཡི་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ལག་ལེན་བསྟར་བས། ཞིང་འབྲོག་ཁུལ་གྱི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་གི་བུ་ཕྲུག་མང་པོའི་ལས་དབང་ལ་འགྱུར་ལྡོག་ཐེབས་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་རིན་མེད་སློབ་གསོའི་སྲིད་ཇུས་ཕུད་སློབ་གསོའི་རོགས་སྐྱོར་བྱ་ཐབས་ཁག40བཟོས་པ་དང་། བུ་བཅོལ་སློབ་གསོ་ནས་སློབ་ཆེན་སློབ་གསོའི་བར་གྱི་སློབ་མའི་རོགས་སྐྱོབ་མ་ལག་བཙུགས་པས། སློབ་སྦྱོང་དུས་མཚམས་ཡོངས་དང་། དམངས་གཉེར་དང་སྒེར་གཉེར་སློབ་གསོ། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མ་ཡོངས་བཅས་ལ་རོགས་སྐྱོར་ཐུབ་ཡོད། དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་ད་དུང་ལས་རིགས་སློབ་གསོ་གོང་འཕེལ་ཧུར་ཐག་བཏང་བས་འབྲིང་རིམ་ལས་རིགས་སློབ་གསོས་རྨང་གཞི་བྱེད་པ་དང་མཐོ་རིམ་ལས་རིགས་སློབ་གསོས་གཙོ་གནད་བྱེད་པ། སློབ་གནས་སློབ་གསོ་དང་ལས་རིགས་རྩལ་ནུས་སྦྱོང་བརྡར་ཟུང་དུ་འབྲེལ་བ་བཅས་ཀྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་ཅིག་གྲུབ་སྟེ། སྤྱི་ཚོགས་ཐོག་རིགས་ཁག་གི་ཆེད་ལས་ལག་རྩལ་ཤེས་ལྡན་པ་མཁོ་འདོན་བརྟན་པོ་ཐུབ་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་ངལ་རྩོལ་པ་མི་རེའི་ཆ་སྙོམས་སློབ་གསོ་ཐེབས་ཚད་ལོ13ལྷག་ཙམ་ཟིན།