མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་བར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

གཞིས་རྩེ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཀྲང་ཅིན་པོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་རྒྱུན་མཐུད་གཏིང་ཟབ་སྤེལ་བ། མི་རིགས་མཐུན་སྒྲིལ་གྱི་རིག་གནས་རྨང་གཞི་བརྟན་དུ་གཏོང་བ། སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་ཁྱབ་གདལ་གཏོང་བ། ཀྲུང་ཧྭ་མི་རིགས་ནི་མེས་པོ་གཅིག་མཐུན་འདུས་གྲུབ་དང་། རིག་གནས་གཅིག་མཐུན་འདུས་གྲུབ། ཁྱིམ་གཞིས་གཅིག་མཐུན་འདུས་གྲུབ། ཁེ་ཕན་གཅིག་མཐུན་འདུས་གྲུབ། འགན་འཁྲི་གཅིག་མཐུན་འདུས་གྲུབ། ལས་དབང་གཅིག་མཐུན་འདུས་གྲུབ་བཅས་ཡིན་པའི་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་མོས་སེམས་ཆེན་པོ་དང་། འཆམ་མཐུན་ཆེན་པོ། མཉམ་འདྲེས་ཆེན་པོ། སྤེལ་རེས་ཆེན་པོ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་ལག་ལེན་བསྟར་མཁན་ཞིག་བྱེད་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད།

ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གྲོང་བདུན་གྲོང་ཚོར་གྲོང་སྡོད་ལས་བྱེད་པ་དང་། གྲོང་ཚོའི“ཨུ་ལྷན་གསུམ” མང་ཚོགས་བཅས་ཀྱིས་མཉམ་དུ་གསར་འགྱུར་བལྟས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་ཕེབས་བསུར་སླེབས་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཕྱག་གཡུག་གཡུག་གནང་བཞིན་འཚམས་ལན་གནང་བ་མཐོང་སྐབས། མི་མང་པོ་ཞིག་རང་དབང་མེད་པར་མིག་ཆུ་ཤོར་ནས་སེམས་འགུལ་ཚད་མེད་ཐེབས་ཡོད། མང་ཚོགས་བསོད་ནམས་ཆོས་འཛོམས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་བོད་དུ་རྟོག་ཞིབ་གནང་བར་ཕེབས་ནས་མི་རིགས་ཁག་གི་མང་ཚོགས་ལ་གཟིགས་པ་འདི་ནི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་བཅངས་པའི་དམིགས་བསལ་ཐུགས་ཁུར་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཐུགས་ལ་འཆང་བཞིན་ཡོད་པས། ང་ཚོ་མི་རིགས་ཁག་གི་མང་ཚོགས་ཚོས་ངེས་པར་དུ་དེ་བས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཡག་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན”ཞེས་བརྗོད།

པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མཱ་ཤན་ཡོན་གྱིས་ལོ་དྲུག་ཏག་ཏག་བོད་སྐྱོར་བྱ་རྒྱུའི་གདམ་ག་བྱས། ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་གམ་ནས་གསུང་བཤད་ཉན་རྒྱུ་བྱུང་བས་མཱ་ཤན་ཡོན་ལ་སེམས་འགུལ་ཚད་མེད་ཐེབས་ཤིང་། ཁོང་གིས“ང་རང་2016ལོར་བོད་དུ་ཡོང་བ་ཡིན། ད་བར་བོད་དུ་ལས་ཀ་བྱས་ནས་ལོ་ལྔ་ཕྱིན་སོང་། བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ང་རང་གིས་ལོ་ལྔའི་རིང་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་གང་ཙམ་ཕུལ་ཡོད་མོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དང་བོད་ཀྱི་མི་དམངས་ཀྱི་རེ་སྒུག་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་ཡོད། དེར་བརྟེན་གོམ་སྟབས་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་གནང་བའི་ཡིད་ཆེས་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན། ཁ་གཏད་རོགས་སྐྱོར་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་དམངས་ལ་བྱ་བ་དངོས་བསྒྲུབས་ནས་དཔལ་འབར་རྫོང་གི་མི་དམངས་ཚོར་སྔར་བས་གཟེངས་སུ་ཐོན་པའི་རྒྱུགས་ལན་གསར་པ་ཞིག་འབུལ་རྒྱུ་ཡིན”ཞེས་བརྗོད།

མངའ་རིས་ས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དབང་ཕྱུག་གིས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་བརྟག་ཞིབ་གནང་སྐབས“ང་ཚོ་མི་རིགས་56ནི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཡིན་པས། ཕྱར་བ་གྲུ་འདེགས་ཀྱིས་ལོ་བརྒྱ་གཉིས་པའི་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་དགོས”དང“བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པ། ཚང་མར་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་བྱེད་དགོས”ཞེས་གསུངས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཞི་འཛིན་རྒྱུ་ཡིན་ཞེས་བརྗོད།

ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་ཤན་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བཀྲ་ཤིས་ཀྱིས་བརྙན་འཕྲིན་ནས་གསར་འགྱུར་བལྟས་རྗེས“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་པ་འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་དང་ཡིད་ཆེས་གནང་བ་ཞིག་ཡིན་པས་ང་ཚོའི་ངོས་ནས་བརྗོད་ན་གཟི་བརྗིད་ཆེན་པོ་ཞིག་རེད། ང་རང་སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་གམ་དུ་སླེབས་པ་ལྟར་གྱི་དགའ་སྤྲོ་དཔག་མེད་སྐྱེས་བྱུང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཉན་རྗེས་སྐུལ་ལྕག་ཟབ་མོ་ཐེབས་བྱུང་། རླབས་ཆེན་གྱི་མེས་རྒྱལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ཁོངས་མི་ཞིག་ཡིན་པའི་ང་ཚོས་དྲོ་སྐྱིད་དང་བདེ་སྐྱིད་ཚོར་བྱུང་། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་ང་ཚོས་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཕ་ཡུལ་དེ་བས་དར་རྒྱས་གོང་འཕེལ་ཡོང་བ་བྱས་ཏེ་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་བཞིན་དུ་བརྗོད།

རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་ཤིང་། ཁོང་གིས“བོད་ལྗོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ་ཞིག་དང་བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ་ཞིག་ཡིན་ལ། བོད་རིགས་དང་མི་རིགས་གཞན་དག་དབར་གྱི་སྤེལ་རེས་དེ་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་འགོ་ནས་མཇུག་བར་ཁྱབ་ཡོད། མིག་སྔར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དང་། བོད་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ། ནུས་སེམས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ་ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན”ཞེས་གསུངས་པ་རེད།

ནག་ཆུ་གྲོང་ཁྱེར་སོག་རྫོང་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ལྷག་པ་ཚེ་རིང་གིས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་རྟོག་ཞིབ་གནང་རིང་མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བློ་སེམས་གཅིག་མཐུན་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན”ཞེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།