ལྷ་ས་འགག་སྒོས་འགག་སྒྲོལ་དུས་ཚོད་ཧྲིལ་པོ་ཐུང་དུ་བཏང་བས་ལས་ཆོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པར་ལྷ་སའི་འགག་སྒོ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་ནང་འདྲེན་དངོས་ཟོག་གི་འགག་སྒྲོལ་དུས་ཚོད་ཧྲིལ་པོ་ཆུ་ཚོད་21.35ཟིན་པ་དེ་2017ལོ་ལས་72.43%ཐུང་དུ་སོང་བ་དང་ཕྱིར་གཏོང་དངོས་ཟོག་གི་འགག་སྒྲོལ་དུས་ཚོད་ཧྲིལ་པོ་ཆུ་ཚོད་0.12ཟིན་པ་དེ་2017ལོ་ལས་98.95%ཐུང་དུ་སོང་ཡོད། ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་འགག་སྒྲོལ་དུས་ཚོད་རྒྱལ་ཡོངས་ཀྱི་དུས་མཚུངས་ཆ་སྙོམས་ཆུ་ཚད་ལས་ཐུང་བ་དང་། དེའི་ཁྲོད་ནང་འདྲེན་དངོས་ཟོག་གི་འགག་སྒྲོལ་དུས་ཚོད་རྒྱལ་ཡོངས་ཀྱི་ཆ་སྙོམས་དུས་ཚོད་ལས་ཆུ་ཚོད་16.47མགྱོགས་པ་དང་། ཕྱིར་གཏོང་དངོས་ཟོག་གི་འགག་སྒྲོལ་དུས་ཚོད་རྒྱལ་ཡོངས་ཀྱི་ཆ་སྙོམས་དུས་ཚོད་ལས་ཆུ་ཚོད་1.74མགྱོགས་པ་ཡོད།

ལྷ་ས་འགག་སྒོའི་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་འགན་འཁུར་བས། “2018ལོའི་ཟླ་10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་རྒྱལ་གྲོལ་ཚོང་དོན་སྟབས་བདེ་ཅན་གྱི་ལས་ཀའི་ཇུས་གཞིའི》ནང་2021ལོའི་ལོ་མཇུག་ཏུ་སླེབས་སྐབས་འགག་སྒྲོལ་དུས་ཚོད་ཧྲིལ་པོ་2017ལོ་ལས་ཕྱེད་ཀ་ཐུང་དུ་གཏོང་དགོས་ཞེས་བཏོན་ཡོད། ལྷ་ས་འགག་སྒོས་2018ལོའི་ཟླ་12པར་སྔོན་གཏན་འཁེལ་བའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་པ་དང་འབྲེལ། འགག་སྒྲོལ་དུས་ཚོད་ཧྲིལ་པོ་ཐུང་དུ་བཏང་བའི་ལས་ཆོད་རྒྱུན་འཁྱོངས་བྱས་ཏེ་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་བོད་དུ་འཕེལ་རྒྱས་འགྲོ་རྒྱུར་ཆ་རྐྱེན་བཟང་པོ་བཏོད་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགག་སྒོ་དེའི་ཁོངས་གཏོགས་ཀྱི་སྐྱིད་གྲོང་འགག་སྒོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་དང་ཞིང་ཞོར་ཐོན་རྫས་ཀྱི“ཐོགས་མེད་བགྲོད་ལམ”བཏོད་དེ་ཉིན་བདུན་རིང་ཆུ་ཚོད་ཉེར་བཞི་ཡི་འགག་སྒྲོལ་ཞབས་ཞུ་བྱས་ཡོད། ངོ་ཐུག་མི་དགོས་པའི་ཞིབ་མཆན་འགོད་པ་དང་འགྲོ་ལུགས་གསབ་གཉེར་སོགས་སྟབས་བདེ་བའི་སྲིད་ཇུས་ལག་བསྟར་བྱས་པ་དང་ལས་དུས་འཕར་མ་བྱས་ཏེ་ཕྱིར་གཏོང་དངོས་ཟོག་བཤེར་གཏོང་བྱས་ནས་འགག་སྒྲོལ་དུས་ཚོད་ཧྲིལ་པོ་ཐུང་དུ་བཏང་ཡོད། གཉའ་ནང་འགག་སྒོའི་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་སུ“རྩིས་སྤྲོད”ལྟ་འདོམས་རྣམ་པ་ཐོག་མར་བཏོན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་ཆེད་སྤྱོད་སྐར་ཁུང་བཙུགས་ཏེ“ཐོགས་མེད་བགྲོད་ལམ”བཏོད་པ་དང་ལས་དུས་འཕར་མ་བྱས་ནས་ཐོན་སྒོའི་རླངས་འཁོར་ལ་དུག་སེལ་དང་ཞིབ་བཤེར་བྱས་ཏེ་དུས་ཚོད་མ་འགྱངས་པར་འགག་སྒྲོལ་ཐུབ་པ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།