ལྷོ་ཁ་གྲོང་ཁྱེར་གྱིས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གཏིང་ཟབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལྟ་སྐུལ་མཛུབ་ཁྲིད་དང་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཉམ་སྡེབ་ཀྱི་སྐོང་འདྲི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དེས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། དག་ཐེར་བཅོས་སྒྲིག་གཏིང་ཟབ་ཏུ་བཏང་སྟེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་སྤེལ་བ་རེད།

གྲོང་ཁྱེར་དེས་རིམ་ཁག་སྲིད་ཁྲིམས་ཁོངས་གཏོགས་ལ་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འགན་འཁྲི་ནན་དུ་གཏོང་བ། གནད་དོན་ཚུར་ལན་ཇི་མ་ཇི་བཞིན་བྱེད་པ། གནད་དོན་གྱི་ཁུངས་སྣེ་གསེད་བཀྲོལ་བཅས་བྱེད་དགོས་པ་དང་། ལས་ཀའི་གཙོ་གནད་ལ་དམིགས་ནས་གཅོང་ནད་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་གྲལ་བཤེར་གཏིང་ཟབ་བྱེད་པ། མངོན་གསལ་དོད་པའི་གནད་དོན་གནད་ལ་འཁེལ་བ་དང་ཏན་ཏིག་ངང་འཚོལ་བ། མངོན་གསལ་དོད་པའི་གནད་དོན་རིགས་དབྱེ་ནས་རྩིས་ཐོ་བཟོ་བ་བཅས་བྱས་ནས་བཅོས་སྒྲིག་ཇུས་གཞི་གནད་ལ་འཁེལ་པོ་བཟོ་དགོས་པ། གོང་རིམ་གྱིས་བརྡ་ཁྱབ་བཏང་བ་དང་ཚུར་ལན་བྱས་པའི་གནད་དོན་ཁྱོན་ཡོངས་ནས་ངོས་ལེན་དང་ཡོངས་སུ་དང་ལེན་ཞུས་ཏེ། དུས་ཐོག་ཏུ་བཅོས་སྒྲིག་ཇུས་གཞི་བཟོ་བ་དང་ཞིབ་ཕྲའི་ཐག་གཅོད་བྱེད་ཐབས་འདོན་པ། འགན་འཁྲི་རེ་རེ་བཞིན་ཞིབ་ཚགས་སུ་གཏོང་བ། བཅོས་སྒྲིག་དུས་བཅད་ཁ་གསལ་བཟོ་བ། བརྒྱུད་རིམ་ལ་ཞིབ་ལྟ་དང“ཕྱིར་མིག་ལྟ་བའི”ལས་དོན་དུས་ཐོག་ཏུ་སྤེལ་བ་བཅས་བྱས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཁྱོན་ཡོངས་ནས་བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་དང་ཟུང་འབྲེལ་གྱིས་མི་དམངས་རྩ་བར་འཛིན་པའི་ལངས་ཕྱོགས་མཐའ་འཁྱོངས་དང་། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ལ་དམིགས་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དམངས་ལ་བྱ་བ་དངོས་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཉེན་རྟོག་པ་ནན་པོས་བསྐྱངས་ཏེ་ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་སྲིད་ཁྲིམས་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།