བོད་ལྗོངས་ཀྱིས་གཏའ་འཇོག་ཐོ་འགོད་ལས་དོན་དྲ་ཐོག་ནས་སྒྲུབ་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཞིབ་མཆན་ཞབས་ཞུ་དམངས་ཕན་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་བོད་ལྗོངས་དངུལ་ཁང་དང་མཉམ་དུ“དྲ་སྦྲེལ+གཏན་འཇགས་རྒྱུ་ནོར་གཏའ་འཇོག་ཐོ་འགོད”ཀྱི་རྣམ་གྲངས་མགོ་ཚུགས་དང་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དེ་ཐོག་ནས་ལྗོངས་ཡོངས་ཀྱིས་གཏའ་འཇོག་ཐོ་འགོད་ལས་དོན་དྲ་ཐོག་ནས་ཕྱོགས་ཡོངས་ནས་སྒྲུབ་འགོ་ཚུགས་པ་མཚོན་གྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གཏའ་འཇོག་ཐོ་འགོད་ལས་དོན་དྲ་ཐོག་ནས་སྒྲུབ་པ་དེས་གཏན་འཇགས་རྒྱུ་ནོར་ཐོ་འགོད་སྒྲིག་གཞི་དང་དངུལ་རྩའི་སྒྲིག་གཞིའི་ཁོངས་གཏོགས་དབར་ཆེད་སྐུད་ཐད་སྦྲེལ་གྱི་བྱ་ཐབས་བརྒྱུད། དངུལ་ཁང་གི་ལས་སྒོ་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་སྒོ་སྦྲེལ་མཐུད་དང་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་དང་། གཏའ་འཇོག་ཐོ་འགོད་ཀྱི་བརྒྱུད་རིམ་ལེགས་སུ་ཕྱིན་པ། དངུལ་རྩའི་སྒྲིག་གཞིའི་དྲ་ཚིགས་དེ་གཏན་འཇགས་རྒྱུ་ནོར་གཏའ་འཇོག་ཐོ་འགོད་ཀྱི་སྣུར་སྲིང་ཞབས་ཞུའི་ས་ཚིགས་སུ་འགྱུར་བ། བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་ཐུབ་པ་བཅས་བྱུང་ནས་ཁེ་ལས་དང་མང་ཚོགས་ཀྱི་ལས་སྒྲུབ་དུས་ཚོད་ཐུང་དུ་དང་ལས་སྒྲུབ་མ་གནས་དམའ་རུ་ཤུགས་ཆེན་ཕྱིན་པ་དང་། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ཞིབ་མཆན་གྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་པ། སྤྱོད་མཁན་གྱི་ཉམས་ལེན་མཐོ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།