བོད་ལྗོངས་ཀྱི་རོང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ཆུ་ཚད་དང་ཕན་འབྲས་མངོན་གསལ་དོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་དམིགས་ནས་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུ་ལེགས་གཏོང་གི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཞབས་ཞུའི་ལྟེ་གནས་གཤམ་འཛུགས་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དགོས་མཁོར་དམིགས་པ། དངུལ་རྩའི་ཐོན་ཁུངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་གྲོང་གསེབ་བཅོས་སྐྱོང་ཆུ་ཚད་མཐོ་རུ་ཕྱིན་པ་དང་དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་ནས་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ཆུ་ཚད་དང་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།

གསར་འགོད་པར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་6པའི་ཟླ་མཇུག་བར་རང་ལྗོངས་ཀྱི་ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་1529.77ཟིན་པ་དེ་དུས་མཚུངས་ལས་5.35%འཕར་བ་དང་ལོ་འགོ་དང་བསྡུར་ན་4.21%འཕར་ཡོད་པ་རེད།

ཟླ་6པའི་ཟླ་མཇུག་བར་བོད་དུ་ཡིད་རྟོན་རྫོང་47དང་། ཡིད་རྟོན་ཤང་དང་གྲོང་རྡལ་584 ཡིད་རྟོན་གྲོང་ཚོ་5024བཅས་དཔྱད་བསྡུར་གཏན་འབེབས་བྱས་ཡོད་པ་དང་། དུད་ཚང་ཁྲི་46.02ལ“རྡོ་རྗེ་ཕ་ལམ་བྱང་བུ་དང་། གསེར་བྱང་། དངུལ་བྱང་། ཟངས་བྱང”བཅས་ཀྱི་ཞིང་འབྲོག་པའི་དངུལ་བུན་གཡར་བའི་ལག་ཁྱེར་སྤྲད་ནས་དངུལ་བུན་གཡར་བའི་ལག་ཁྱེར་སྤྲད་ཚད་92.41%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།