ཁྲང་ཅང་སློབ་ཆེན་བོད་ལྗོངས་མཐོ་སྒང་གི་སྟར་ཁའི་ཐོན་ལས་ཞིབ་འཇུག་ཁང་གི་སྒོ་བྱང་བཀལ་བ།

W020210721342753218372.jpg

པར་འདི་ནི་སྒོ་བྱང་འགེལ་བའི་མཛད་སྒོའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་སྟར་ཁ་འདེབས་འཛུགས་བྱས་པར་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་དང་། རྒྱ་ཚ་རྫོང་གི་སྟར་ཁའི་ཐུན་མོང་མ་ཡིན་པའི་སྤུས་ཚད་ལ་བརྟེན་ནས་འཛད་སྤྱོད་པ་སྔར་བས་མང་པོའི་དགའ་བསུ་ཐོབ་ཡོད་ལ། སྐད་གྲགས་ཆོད་ཚད་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད། བོད་ལྗོངས་ཀྱི་སྟར་ཁའི་ཐོན་ལས་ཀྱི་ལག་རྩལ་ཆུ་ཚད་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཤུགས་ཆེན་སྒོས་མཐོར་འདེགས་སུ་བཏང་སྟེ། བོད་ལྗོངས་ཀྱི་སྟར་ཁའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་ཆེད། ཉེ་ཆར། ཁྲང་ཅང་སློབ་ཆེན་བོད་ལྗོངས་མཐོ་སྒང་གི་སྟར་ཁའི་ཐོན་ལས་ཞིབ་འཇུག་ཁང་རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་ཀླུང་པ་གྲོང་ཚོ་ནས་དངོས་སུ་སྒོ་བྱང་བཀལ་བ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བར་གཞིགས་ན། རྒྱ་ཚ་རྫོང་དུ་སྟར་ཁ་རྟེན་གཞིར་བྱས་པའི་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་ཇེ་མང་དུ་ཕྱིན་ནས། ས་གནས་དེ་གའི་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བའི་གཙོ་རྟེན་རང་བཞིན་གྱི་ཐོན་ལས་སུ་གྱུར་ཡོད། བོད་ལྗོངས་ཀྱི་ཕུལ་དུ་བྱུང་བའི་སྟར་ཁའི་ཐོན་ཁུངས་སྔོག་འདོན་བྱ་ཆེད། སྟར་ཁའི་སོན་རིགས་ཅན་དང་སྐྱེ་ཁམས་ཕན་ཆེའི་འདེབས་གསོ་བྱས་པ་དང་ཆབས་ཅིག་ཏུ་བོད་ལྗོངས་ཀྱི་སྟར་ཁའི་ཐོན་ལས་འཕེལ་རྒྱས་ཐད་ཚན་རྩལ་ཤེས་ལྡན་མི་སྣ་སྐོར་གཅིག་སྐྱེད་སྲིང་བྱས་ཏེ། བོད་ལྗོངས་ཀྱི་སྟར་ཁའི་ཐོན་ལས་ལག་རྩལ་ཆུ་ཚད་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཤུགས་ཆེན་སྒོས་མཐོར་འདེགས་སུ་བཏང་ནས་བོད་ལྗོངས་ཀྱི་སྟར་ཁ་ཐོན་ལས་ཅན་ལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་ཁང་ནང་ད་ལྟ་སོན་བཟང་འདེམས་གསོ་ལྟེ་གནས་དང་། སོན་བཟང་དང་རྒྱུད་བཟང་གསོ་སྤེལ་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས། སྐྱེ་ཁམས་ཕན་ཆེའི་འདེབས་གསོའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས། རྨང་གཞིའི་ཞིབ་འཇུག་ལྟེ་གནས། ལག་རྩལ་གསོ་སྦྱོང་ཁྱབ་གདལ་ལྟེ་གནས། ཚོད་ལྟའི་དཔེ་སྟོན་རྟེན་གཞི་སོགས་ལྟེ་གནས་ཆེ་གྲས་དྲུག་ཡོད་པ་དང་ལྟེ་བའི་ཁོངས་མི20ལྷག་ཡོད་པ་མ་ཟད། སྒྲིག་ཆས་སྔོན་ཐོན་དང་བྱེད་ནུས་ཆ་ཚང་ཡིན་པའི་ཐོན་ཁུངས་རྟེན་གཞི་དང་། སྙེ་འཐུའི་རྟེན་གཞི། མྱུག་གསོ་རྟེན་གཞི། འདེབས་གསོའི་དཔེ་སྟོན་རྟེན་གཞི་བཅས་བསྡོམས་པས་མུའུ100འཛུགས་སྐྲུན་བྱ་རྒྱུ་རེད།

ཟླ7པའི་ཚེས20ཉིན་གསར་འགོད་པས་ཁྲང་ཅང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་དབྱི་དང་ཁ་པར་གྱི་ལམ་ནས་འབྲེལ་གཏུག་བྱས་ཏེ་རྒྱུས་ལོན་བྱུང་བར་གཞིགས་ན། རྒྱ་ཚའི་སྟར་ཁའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཧུའུ་པེ་ཞིང་ཆེན་གྱི་ཐོན་ལས་བོད་སྐྱོར་གྱི་གཙོ་གནད་རྣམ་གྲངས་ཆེན་པོ་བཞིའི་གྲས་ཤིག་རེད། མིག་སྔར་རྒྱ་ཚའི་སྟར་ཁའི་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་ཞན་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བས་གནད་དོན་དེ་རིགས་ཐག་གཅོད་བྱ་ཆེད། སྟར་ཁའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཚན་རྩལ་གྱི་འདེགས་སྐྱོར་སྟོབས་ཤུགས་འཚོལ་ཞིབ་བྱ་རྒྱུ་དེ་རྒྱ་ཚའི་སྟར་ཁའི་ཐོན་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཞིབ་འཇུག་ཁང་བཙུགས་པ་དེས་ཁྲང་ཅང་སློབ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོར་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “དཔྱད་རྩོམ་མེས་རྒྱལ་གྱི་ས་གཞི་ཆེན་པོའི་ཐོག་འབྲི་བ་དང་། སློབ་གྲྭ་ཏང་གི་དགོས་མཁོ་བའི་ས་ཆར་སྒྲུབ་པ། ཤེས་ལྡན་མི་སྣ་མི་དམངས་ཀྱིས་རེ་སྒུག་བྱེད་པའི་ས་ཁོངས་སུ་སྐྱེལ་བ”བཅས་ཀྱི་ཁྲང་ཅང་སློབ་ཆེན་གྱི་བོད་སྐྱོར་ལས་དོན་གྱི་ཕྱོགས་སྟོན་དོན་འཁྱོལ་བྱས་ནས། དུས་རབས་གསར་པའི་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་བྱ་གཞག་ཐད་སློབ་ཆེན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་མཚོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།