བོད་ལྗོངས་ཀྱི་ས་གནས་ཁག་ཏུ་འོང་སྐོར་དུས་ཆེན་རོལ་ནས་ལོ་ལེགས་ཡོང་བར་སྨོན་འདུན་ཞུས།

60eb8b2b-bb45-4ca9-9e8b-8b51a8672b02.jpg

པར་འདི་ནི་གྲོང་མི་ཚོས་ཞིང་ཁར་དགའ་སྤྲོའི་ངང་འོང་སྐོར་དུས་ཆེན་རོལ་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གི་མགོ་ཁྲིད་ཡང་དག་དང་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ2015ལོར་ཏུན་ཁྲི་བརྒྱའི་འགག་སྒོ་ཆེན་པོ་ལས་བརྒལ་ཏེ་བསྟུད་མར་ལོ6རིང་ཏུན་ཁྲི100ཡན་དུ་བརྟན་བརླིང་ངང་རྒྱུན་འཁྱོངས་བྱས་ཡོད་ཅིང་། མཐོ་སྒང་ས་གཞི་ཆེན་པོའི་གང་སར་ཞིང་ལས་ལོ་ལེགས་བྱུང་བ་དང་། འཚོ་བ་འབྱོར་ཕྱུག ཞིང་པ་དགའ་སྤྲོ་ལྡན་པའི་རྣམ་པ་ཞིག་མངོན་ཡོད། 

ཟླ7པའི་ཚེས19ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སྒེར་ལྷ་གྲོང་ཚོའི་ཚན་ཆུང3པའི་གྲོང་མིས་དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པའི་ཁྲོད་ལོ་གཅིག་ཐེངས་གཅིག་གི་འོོང་སྐོར་དུས་ཆེན་བསུས་པ་རེད། དུས་ཆེན་གྱི་རྣམ་པ་དང་ལོ་ལེགས་ཀྱི་སྤྲོ་སྣང་གཉིས་མཉམ་དུ་འདྲེས་ནས་སྲོལ་རྒྱུན་དུས་ཆེན་ལས་དུས་རབས་ཀྱི་འོད་མདངས་འཕྲོ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།