བོད་ལྗོངས་ཀྱིས་མ་རྩ་སྒོར་ཁྲི་བརྒྱ་ཡན་ཟིན་པའི་རོང་འབྲོག་པའི་མཉམ་ལས་ཁང700ལྷག་བསྐྲུན་རྒྱུ་རེད།

1310072582_16267713006651n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲེིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་རྒྱུས་ལོན་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་དེང་རབས་ཞིང་ཕྱུགས་ལས་གཉེར་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རོང་འབྲོག་པའི་མཉམ་ལས་ཁང་གི་ཚད་ལྡན་སྤུས་ལེགས་ལས་གཞི་ལག་བསྟར་བྱས་ཏེ། མ་རྩ་སྒོར་ཁྲི་བརྒྱ་ལས་བརྒལ་བའི་མཉམ་ལས་ཁང700ཡན་དང་། སྒོར་ཁྲི་སྟོང་ཡན་ཟིན་པའི་མཉམ་ལས་ཁང70ཡན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་རེད།

1310072582_16267714882421n.jpg

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་མཉམ་ལས་ཁང་དང་ཞིང་དུད་ཟུང་འབྲེལ་དང་། སྣེ་འདྲེན་ཁེ་ལས་དང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས། ཞིང་དུད་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས། ཆེད་ལས་ཅན་གྱི་ཆུ་ཚད་དང་ཐོན་སྐྱེད་ལས་ཆོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སོན་བཟང་ཁྱབ་གདལ་གཏོང་བ། མུའུ་རེའི་ཐོན་ཚད་ཇེ་མཐོར་གཏོང་བ་བཅས་བྱས་པ་མ་ཟད། ཐོན་རྫས་མཁོ་སྤྲོད་གསར་བཏོད་དང་ཐོན་ལས་ཕྲེང་འབྲེལ་རྒྱ་སྐྱེད་དུ་བཏང་ནས་རོང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་།

1310072582_16267714884471n.jpg

གཞི་གྲངས་ལས་མངོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་སྣེ་འདྲེན་ཁེ་ལས་དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོ་སོར162དང13475ལ་སླེབས་པ་དེ2015ལོ་ལས65%དང་ལྡབ1.9འཕར་ཡོད་ཅིང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དེ་སྤུས་ཚད་མཐོ་བ་དང་ཆེད་ལས་ཅན། དེང་རབས་ཅན་བཅས་སུ་གྱུར་ནས་རོང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད། །

1310072582_16267714885051n.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།