​སྒྲོལ་དཀར་གྱི་ཁྱིམ་གཞིས་གསར་པ།

 

   འདི་ནི་བོད་ལྗོངས་ཡུལ་སྨད་ཡིན།

    ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་པ་དང་།

    སྤྱི་ལེ་གྲུ་བཞི་མ་3644ཟིན་པའི་ས་ཁོངས་ཐོག

W020210714317057321291.jpg

    1983ལོ་ནས་1995ལོའི་བར།

    ས་འདིར་སྒྲོལ་དཀར་ཁྱིམ་གྱི་ནང་མི་གསུམ་ལས་འཚོ་སྡོད་བྱེད་མཁན་མེད།

    ས་འདི་ནི་དེ་སྔ་ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་སྒྲིག་ཁོངས་ཤང་ཡང་ཡིན་ཞིང་།

    “མི་གསུམ་གྱི་ཤང”ཞེས་འབོད་ཀྱི་ཡོད།

W020210714317057327317.jpg

    ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་གངས་རིའི་ཁྱུ་ཚོགས་ཀྱིས།

    ཡུལ་སྨད་དང་ཕྱི་ལོགས་འབྲེལ་བ་བྱེད་པའི་ལམ་བུ་བཀག་ཡོད།

    སྒྲོལ་དཀར་གྱི་ནང་མི་ཡུལ་སྨད་ནས་ཕྱི་ལོགས་སུ་བསྐྱོད་འདོད་ན།

    གོམ་པར་བརྟེན་ནས་ས་བབ་སྨི་5000ལྷག་ཙམ་ཟིན་པའི་རི་ལ་གངས་རི་བརྒལ་དགོས་ཤིང་།

    ཉེན་ཁས་གང་བ་དང་དཀའ་སྡུག་ཚད་མེད་མྱོང་དགོས་ཀྱི་ཡོད།

W020210714317057329300.jpg

    2017ལོའི་རྗེས་སུ།

    ཡུལ་སྨད་ལ་མི་རྣམས་དགའ་འོས་པའི་འགྱུར་ལྡོག་བྱུང་ཡོད་ཅིང་།

    ཕྱི་ལོགས་ནས་ཡུལ་སྨད་དུ་བསྐྱོད་པའི་ལམ་དེ་རྟ་དྲེལ་གྱི་ལམ་ནས་བྱེ་རྡོའི་ལམ་བར་དང་།

    དེ་རྗེས་དུས་བཞིར་ཤར་བགྲོད་འགན་ལེན་ཐུབ་པའི་སྣུམ་ནག་གཞུང་ལམ་དུ་གྱུར་བའི།

    ཉིན་རེ་ལས་མ་འདས་པའི་འགྱུར་ལྡོག་བྱུང་ཡོད།

    གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས།

    ས་འདིའི་ཡུལ་མིའང་རིམ་བཞིན་མང་དུ་ཕྱིན་པ་དང་།

W020210714317057474967.jpg

    ཕྲུ་གུ་ཚོས་སྐར་མ་ལྔ་ཙམ་བསྐྱོད་ཚེ་རང་ཁྱིམ་གྱི་སྒོ་འགྲམ་དུ་གནས་པའི་སློབ་གྲྭར་སླེབས་ཀྱི་ཡོད།

    གསར་དུ་བསྐྲུན་པའི་ཤང་འཕྲོད་བསྟེན་ཁང་དུ་ལོ་ལྟར་སྨན་པས་ན་ཚ་ལྟ་བ་དང་།

    ཁྱིམ་ཚང་ཀུན་ལ་སྐུ་མེད་དྲ་རྒྱ་ཤར་གཏོང་ཐུབ་པ།

W020210714317057474371.jpg

    བརྟན་ལ་བདེ་འཇགས་ལྡན་པའི་གློག་དྲ་ཁྱིམ་ཚང་ཚང་མར་ཁྲིད་ཡོད།

    ཡུལ་སྨད་མང་ཚོགས་ཀྱི་ཡུན་རིང་གི་བསམ་འདུན་དངོས་ཡོད་དུ་འགྱུར་བཞིན་གདའ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།