བོད་ལྗོངས་སུ་གྲོང་ཚོའི་སྡོད་དམངས་ཀྱི་ཁྲིམས་ལུགས་བློ་འདོན་པ5125བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཚོའི་སྡོད་དམངས་ཀྱི“བཅའ་ཁྲིམས་ཤེས་མཁན”གསོ་སྐྱོང་བཟོ་འགོད་ལག་བསྟར་བྱས་ནས། གྲོང་ཚོའི་སྡོད་དམངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་སྐད་འཕྲིན་ཚོགས་པ་བཙུགས་ཏེ། ལྗོངས་ཡོངས་ཀྱི་རོང་འབྲོག་པར་གྲོང་ཚོའི་བཅའ་ཁྲིམས་བློ་འདོན་པ5125བཀོད་སྒྲིག་བྱས་ནས་མི་རིགས་སོ་སོའི་མང་ཚོགས་ལ་ཁྲིམས་ལྟར་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས།

ངོ་སྤྲོད་བྱས་པ་ལྟར་ན། བཅའ་ཁྲིམས་གཞི་རིམ་དུ་བསྐྱེལ་བ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་གྱོད་གཞིར་དམིགས་ནས་ཁྲིམས་ལུགས་འགྲེལ་བཤད་རྒྱག་པ་དང་། གྲོང་ཚོའི་སྡོད་དམངས་ཀྱི“སྲོལ་བཟང་སྐྱོང་བ”དཔྱད་འདེམས་བྱེད་པ། རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོའི(སྡེ་ཁུལ)གསར་སྐྲུན་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་དང་། གསོན་ཉམས་ལྡན་པའི་ཁྲིམས་སྐྱོང་གྱོད་དཔེ་དང་རོང་འབྲོག་མང་ཚོགས་ཀྱི་ཉེ་འགྲམ་གྱི་ཁྲིམས་སྐྱོང་གཏམ་རྒྱུད་སྤྱད་དེ། རོང་འབྲོག་མང་ཚོགས་ལ་རང་རྟོགས་ངང་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བརྩི་སྲུང་བྱེད་པ། གནད་དོན་ཐག་གཅོད་བྱེད་པར་ཁྲིམས་སྤྱོད་པ་དང་འགལ་ཟླ་སེལ་བར་ཁྲིམས་ལ་བརྟེན་པ་བཅས་ཀྱི་གོམས་གཤིས་བཟང་པོ་ཆགས་པར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།