མཛེས་སྡུག་ལྡན་པའི་ཞིང་སྡེ་ཡི་འཚོ་བ་གསར་བ།

c11f295e-4576-47e7-ae15-e9cc50b86d95.jpg

པར་འདི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་ཡུལ་སྐོར་འབྱོར་འབྲིང་གྲོང་གསར་གྱི་ཕྱིའི་བཀོད་པ་རེད།

781804f8-0c3a-43d9-83f9-69a779c703f6.jpg

པར་འདི་ནི་སྙན་རོང་རྫོང་གི་ལས་བྱེད་པས་གུང་གསེང་གི་དུས་ཚོད་སྤྱད་དེ་རིག་གནས་བྱ་འགུལ་ཁང་དུ་ལག་རྩེད་སྤོ་ལོ་རྩེད་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྙན་རོང་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དང་མཚོ་བོད་མཐོ་སྒང་གི་ལྟེ་བ། མཚོ་སྔོན་ཞིང་ཆེན་གྱི་ས་མཚམས་སུ་གནས་ཤིང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4700ལྷག་ཡོད། 2019ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྙན་རོང་རྫོང་དབུལ་ཐར་བྱུང་བ་ཁྱབ་བསྒྲགས་བྱས།  ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས་ཐབས་མང་མཉམ་སྤྱོད་བྱས་ནས་དབུལ་ཐར་རྫོང་དང་ཆུས་ཀྱི་འཕེལ་རྒྱས་དང་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ལས་དོན་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ཁག་ཞིབ་ཚགས་སྒོས་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལེགས་པོར་བསྒྲུབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།