བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དབྱར་གསེང་སྐྱེལ་འདྲེན་གྱི་མཐོ་རླབས་བསུས།

W020210719348650375989.jpg

པར་འདི་ནི་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གིས2021ལོའི་དབྱར་གསེང་སྐྱེལ་འདྲེན་བྱེད་མགོ་ཚུགས་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་དབྱར་དུས་ནི་བོད་ལྗོངས་ཀྱི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཤིག་ཡིན་ལ་དམངས་སྤྱོད་མཁའ་འགྲུལ་གྱི་དབྱར་གསེང་སྐྱེལ་འདྲེན་གྱི་མཐོ་རླབས་འཕྱུར་བའི་དུས་ཤིག་ཀྱང་ཡིན། ཚེས18ཉིན་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་ནས་སླར་གསོ་ཤུགས་ཆེན་བྱ་རྒྱུ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ནང་ཁུལ་གྱི་གནམ་གྲུ་ཐང་གིས་རིམ་རྩིས་བྱས་ན་དུས་གཏན་གནམ་གྲུ་ཐེངས་ཁྲི2.98འབབ་འཕུར་ལ་འགན་སྲུང་བྱས་ཤིང་། ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི307.4དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི2.45ཟིན་པ་དེ་པྲོག་གསར་གློ་ཚད་ཀྱི་རིམས་ནད་མ་བྱུང་གོང་གི2019ལོ་དང་བསྡུར་ན་དུས་མཉམ་ལས18.7%དང13%། 30.62%བཅས་འཕར་ཡོད།

W020210719348650371066.jpg

པར་འདི་ནི་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་དུས་གཏན་གནམ་གྲུ་འབབ་འཕུར་བྱེད་བཞིན་པའི་ཚུལ་རེད།

དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ5པའི་ཚེས1ཉིན་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་དུས་གཏན་གནམ་གྲུ་འབབ་འཕུར་ཐེངས་གྲངས་ལ་འགན་ལེན་བྱས་ཏེ། གནམ་གྲུའི་ཐེངས་གྲངས155ཟིན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་གཏོད་པ་རེད། ཟླ7པ་ནས་བཟུང་གནམ་གྲུ་ཐང་དེའི་ཉིན་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལ་ཟིན་ཐོ་གསར་པ་ཡང་ཡང་བཏོད་པ་དང་། ཟླ7པའི་ཚེས10ཉིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི1.96ཟིན་པ་དང་། ཟླ7པའི་ཚེས16ཉིན་གྱི་འགྲུལ་པ་མི་ཐེངས་ཁྲི2.11ཟིན་པའི་ནང་ཉིན་གཅིག་ལ་གནམ་གྲུ་ཐང་དུ་ཡོང་བའི་འགྲུལ་པ་མི་ཐེངས་ཁྲི1.05ལ་སླེབས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།