ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཕྱུགས་ལས་ཐོན་ལས་ཅན་རྒྱུན་མཐུད་ངང་འཕེལ་རྒྱས་སུ་བཏང་།

3dedc659-2349-4ddf-aed9-a32e1187b34d.jpg

པར་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོའི་གྲོང་མིས་འོ་མ་བཞོ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཕྱུགས་ལས་ཐོན་ལས་ཅན་རྒྱུན་མཐུད་ངང་འཕེལ་རྒྱས་སུ་བཏང་སྟེ། ཁེ་ལས་དང་མཉམ་ལས་ཁང་། ཁྱིམ་ཚང་གི་འབྲོག་ར། འབྲོག་པ་བཅས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་ཕྱུགས་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་བསྐྲུན་པ་དང་། ཕྱུགས་རིགས་ཀྱི་གྲུབ་ཆ་ལུགས་མཐུན་དང་། འབྲོག་པའི་ཡོང་འབབ་གཏན་འཇགས། སྐྱེ་ཁམས་ཁོར་ཡུག་ལེགས་པ་བཅས་ཡིན་པའི་དེང་རབས་ཕྱུགས་ལས་འཕེལ་རྒྱས་གྱི་སྒྲིག་གཞི་གསར་བ་ཞིག་གྲུབ་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།