བོད་ལྗོངས་ཀྱིས་རོང་འབྲོག་པར་གྲོང་ཚོའི་བཅའ་ཁྲིམས་བློ་འདོན་པ5125བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་རོང་འབྲོག་པར་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ་ལས་འགན་གལ་ཆེན་དུ་བརྩིས་ཏེ། གྲོང་ཚོའི་བཅའ་ཁྲིམས་བློ་འདོན་པ་དང་གྲོང་ཚོའི་ལས་དོན་རུ་ཁག གྲོང་ཚོའི་ཨུ་ལྷན་གཉིས་བཅས་མཉམ་འབྲེལ་བྱས་ནས། རོང་འབྲོག་ཁུལ་ཏུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་གཙོ་ཤུགས་དམག་དང་དྲིལ་བསྒྲགས་རུ་ཁག་ཏུ་གྱུར་ཡོད་ཅིང་། གྲོང་ཚོས“བཅའ་ཁྲིམས་ཤེས་མཁན”གསོ་སྦྱོང་བྱེད་པའི་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ། ལྗོངས་ཡོངས་སུ་གྲོང་ཚོའི་བཅའ་ཁྲིམས་བློ་འདོན་པ5125བཀོད་སྒྲིག་བྱས་པ་དང་། གྲོང་ཚོར་བཅའ་ཁྲིམས་ཞབས་ཞུའི་སྐད་འཕྲིན་ཚོགས་པ་འཛུགས་པ་དང་ཤང་སྡེའི་བཅའ་ཁྲིམས་ཁྱབ་གདལ་ལམ་ལུགས་སོགས་བཙུགས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་འཇགས་པར་བྱས་པ་རེད།

བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གི་ཁྲུའུ་ཀྲང་ཁྲེན་ལིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། བཅའ་ཁྲིམས་གཞི་རིམ་དུ་བསྐྱལ་བ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་ཏུ་གྱོད་གཞི་ལ་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་དང་། གྲོང་ཚོའི་སྒྲིག་སྲོལ་བཟང་པོ་འཚོལ་བསྡུ་དཔྱད་འདེམས། རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོ་བསྐྲུན་པ་སོགས་ཀྱི་ལས་དོན་རྒྱ་ཆེར་སྤེལ་ཏེ། གསོན་ཉམས་ལྡན་པའི་ཁྲིམས་སྐྱོང་གྱོད་གཞི་དང་རོང་འབྲོག་མང་ཚོགས་ཉེ་འགྲམ་གྱི་ཁྲིམས་སྐྱོང་གཏམ་རྒྱུད་བཅས་བརྒྱུད་དེ། རོང་འབྲོག་མང་ཚོགས་ཀྱིས་རང་རྟོགས་སྒོས་ཁྲིམས་སྦྱོང་ཁྲིམས་སྲུང་དང་། གནད་དོན་ཐག་གཅོད་བྱེད་པར་ཁྲིམས་སྤྱོད་པ། འགལ་ཟླ་འདུམ་འགྲིག་བྱེད་པར་ཁྲིམས་ལ་བརྟེན་པ་བཅས་ཀྱི་གོམས་གཤིས་བཟང་པོ་ཆགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཡོད། 

གཞན་ཡང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི“ལོ་ལྔའི་ཐེངས་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་བའི་རིང་། རིམ་པ་ཁག་གི་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་རོང་འབྲོག་མང་ཚོགས་དང་། ན་གཞོན་སློབ་མ་བཅས་ཀྱི་ཚོགས་སྤྱིར་དམིགས་ཏེ་བཅའ་ཁྲིམས་དྲིལ་བསྒྲགས་ལས་དོན་སྤེལ་ཤིང་། རིམ་རྩིས་བྱས་ན་རིགས་ཁག་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་ཐེངས་ཁྲི17.9ལྷག་སྤེལ་བ་དང་། ཁྲིམས་སྐྱོང་འཆད་ཁྲིད་ཐེངས་ཁྲི3ལྷག་བྱས་བ། དྲིལ་བསྒྲགས་དཔྱད་ཡིག་ཁྲི2560འགྲེམས་གཏོང་བྱས་པ། མང་ཚོགས་མི་ཐེངས་ཁྲི3280ལ་བཅའ་ཁྲིམས་ཀྱི་སློབ་གསོ་ཐོབ་པ་བཅས་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།