བོད་བྱང་ཐང་དུ་རྩྭ་ཆུ་འཛོམས་ཤིང་ཕྱུགས་ལ་ཤ་ཤེད་རྒྱས་པ།

3.jpg

འདི་ནི་རྩྭ་ར་ནས་ཕྱུགས་འཚོ་བཞིན་པའི་འབྲོག་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གཞུང་གི་དུས་སུ་བོད་བྱང་ཐང་ནས་བོད་ལྗོངས་ལྷོ་རྒྱུད་ཀྱི་གྲོག་རོང་དུ་འབྲི་གཡག་གི་ཁྱུ་ཚོགས་སོས་དལ་བའི་སྒོ་ནས་གནམ་སྔོན་པོ་དང་སྤྲིན་དཀར་པོ། རི་སྔོ་ཆུ་དྭངས་བར་ནས་བསྐྱོད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཚད་མཐོ་བའི་ངང་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། འཆར་འགོད་བཟོ་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རྒྱུད་བཟང་ཁྱབ་གདལ་སོགས་ཀྱི་ཕྱོགས་ལ་མ་དངུལ་གཏོང་བར་ཤུགས་བསྣན་པས། 2020ལོར་བོད་ལྗོངས་ཡོངས་སུ་འབྲི་གཡག་ཕྱུགས་རར་ཚུད་ཚད་ཁྲི522ལ་སླེབས་པ་དང་། སྐམ་ཤའི་ཐོན་ཚད་ཏུན22.78ཟིན་ཞིང་། བོད་ལྗོངས་ཡོངས་སུ་སྤུས་ལེགས་བཞོན་མ་ཕྱུགས་རར་ཚུད་ཚད་ཁྲི21.87དང་འོ་མ་ཐོན་ཚད་ཏུན་ཁྲི49.17ལ་ཟིན་པ་རེད། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།