​བོད་ལྗོངས་ཀྱི་འཕྲིན་གཏོང་བྱ་གཞག་གི་འཕོ་འགྱུར་ལ་ལྟ་བ།

ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ལྷ་སའི་ཡིག་ཟམ་གློག་འཕྲིན་ཐོག་ཁང་ཆེན་མོའི་ཅོང་སྒྲ་སླར་ཡང་གྲགས་འོང་། ཡིག་ཟམ་གློག་འཕྲིན་ཐོག་ཁང་ཆེན་མོ་ནི་དེ་སྔ་ལྷ་སའི་ཆེས་མཐོ་བའི་མཚོན་རྟགས་རང་བཞིན་གྱི་བཟོ་བཀོད་ཞིག་རེད། ཐོག་ཁང་འདི་དང་རྣ་བར་ཐོས་ཡོང་བའི་ཅོང་སྒྲ་དེས་ལྷ་སའི་གྲོང་མིའི་མི་རབས་འགའི་དྲན་ཤེས་མཚོན་ཐུབ་པ་མ་ཟད། ལྷ་ས་དང་ཐ་ན་བོད་ལྗོངས་ཀྱི་འཕྲིན་གཏོང་བྱ་གཞག་གི་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་དཔང་པོ་ཡང་བྱས་ཡོད།

1.gif

1979ལོར་ཡིག་ཟམ་གློག་འཕྲིན་ཐོག་ཁང་དངོས་སུ་སྤྱོད་མགོ་ཚུགས་ཤིང་། སྐབས་དེ་དུས་ལྷ་སས་གནའ་བའི་བརྗེ་རེས་རྣམ་པའི་ཁ་པར་བཀོལ་སྤྱོད་བྱེད་བཞིན་ཡོད། ལས་ཀའི་བྱེད་ཐབས་དེ་རིགས་ལ་ང་ཚོར་རྒྱུས་མངའ་གཏན་ནས་མེད་ཅིང་། སྔོན་ཆད་ཁ་པར་གྱི་སྐུད་ལམ་སྦྲེལ་མཁན་རྒན་མོ་ཆོས་སྒྲོན་ལ་མཚོན་ན་འདས་དོན་དེ་དག་ཡིད་ལ་གསལ་ལེར་ཤར།

2.gif

དུས་རབས་གོང་མའི་ལོ་རབས90པའི་དུས་མགོར། ལྷ་སར་ཐག་རིང་རང་འགུལ་ཐད་གཏོང་ཁ་པར་དངོས་སུ་ཤར་གཏོང་ཐུབ་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཐག་རིང་རང་འགུལ་ཁ་པར་དྲ་བའི་དུས་སྐབས་སུ་སླེབས་པ་རེད། མཚན་གང་བོར་གསལ་ཐིང་ཐིང་ཡིན་པའི་ཡིག་ཟམ་གློག་འཕྲིན་ཐོག་ཁང་གིས་སྐབས་དེའི་བྲེལ་འཚུབ་ཀྱི་རྣམ་པར་བདེན་དཔང་བྱས།

3.gif

དུས་རབས21པར་སླེབས་དུས་བོད་ལྗོངས་ཀྱི་འཕྲིན་གཏོང་བྱ་གཞག་གི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ཡོད། ཤང་ཚང་མར་ཁ་པར་ཤར་གཏོང་ཐུབ་པ་ནས་སྤོ་འགུལ་ཁ་པར་ཁྱབ་གདལ་བཏང་བའི་བར་དང་། དེ་རྗེས5Gབརྡ་རྟགས་ཇོ་མོ་གླང་མའི་རྩེ་མོར་ཐོག་མར་ཁྱབ་པ་སོགས་དེང་རབས་ལངས་གཟུགས་ཀྱི་འཕྲིན་གཏོང་དྲ་བ་ཞིག་གངས་ལྗོངས་མཐོ་སྒང་དུ་བཏིང་ཡོད།

4.gif

5.gif

ཡིག་ཟམ་གློག་འཕྲིན་ཐོག་ཁང་ཆེན་མོའི་ཅོང་སྒྲ་སླར་ཡང་གྲགས་ཤིང་། ང་ཚོའི་ཉིན་གཅིག་གི་འཚོ་བ་གསར་པ་མགོ་ཚུགས་པ་དང་འབྲེལ་བོད་ལྗོངས་ཀྱི་ཉིན་རེ་བཞིན་འགྱུར་ལྡོག་འབྱུང་བཞིན་པའི་འཕོ་འགྱུར་ལ་བདེན་དཔང་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།