སྐྱེ་ཁམས་སྲུང་དམག་ཁྲི70ཡིས་བོད་ལྗོངས་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་ལ་སྲུང་སྐྱོང་ལེགས་པོ་བྱས།

1310059229_16261872520901n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་སྲུང་སྐྱོང་གི་ལས་དོན་ལ་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ལ་སྐྱེ་ཁམས་སྲིད་ཇུས་ཀྱི་ཁེ་སྤོགས་གང་ལེགས་ཐོབ་པར་བྱས། བསྡོམས་རྩིས་བྱས་པ་ལྟར་ན། 2016ལོ་ནས་བཟུང་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི70མཁོ་འདོན་བྱས་པ་དང་། མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར40ལྷག་འཕར་སྣོན་བྱུང་བ་རེད།

1310059229_16261875933671n.jpg

པར་འདི་ནི་འབྲོག་མིས་སེར་གླིང་མཚོ་འགྲམ་དུ་ལུག་ཁྱུ་འདེད་བཞིན་པའི་ཚུལ་རེད།

དེང་སྐབས་རོང་འབྲོག་མང་ཚོགས་སྔར་བས་མང་པོ་ཞིག་རི་སྐྱེས་སྲོག་ཆགས་སྲུང་མཁན་དང་། ནགས་ཚལ་སྲུང་མཁན། བརླན་ས་སྲུང་མཁན་བཅས་སུ་གྱུར་པ་མ་ཟད། གངས་ལྗོངས་མཐོ་སྒང་གི“སྐྱེ་ཁམས་སྲུང་དམག”ཏུ་གྱུར་ཡོད་ལ། ཁོར་ཡུག་སྲུང་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཡོང་འབབ་འཕར་སྣོན་གྱི་ཕུགས་འདུན་ཡང་མངོན་འགྱུར་བྱུང་ཡོད། །

1310059229_16261875934291n.jpg

པར་འདི་ནི་ས་གནས་དེ་གའི་ནགས་ཚལ་སྲུང་སྐྱོང་མཁན་དག་གི་མཉམ་པར་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།