འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གིས་ང་ཡིས་ཁོར་ཡུག་སྲུང་སྐྱོང་དང་བླངས་ལས་དོན་ཧུར་ཐག་སྒྲུབ་ཞེས་པའི་བྱེད་སྒོ་སྤེལ།

W020210711370944881038.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཏང་ཀྲི་པུའུ་ཡིས་ཏང་གི་ལོ་རྒྱུས་སྦྱངས་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར། ཁོར་ཡུག་སྲུང་སྐྱོང་དང་བླངས་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་སྤེལ་བ་རེད།  བྱེད་སྒོ་སྤེལ་རིང་ཏང་ཡོན་ཚོས་ལམ་འགྲམ་དང་མུ་ཁའི་གད་སྙིགས་སྒྲུག་སྟེ་དོན་དངོས་བྱ་སྤྱོད་ཐོག་ནས་མི་དམངས་ལ་ཞབས་འདེགས་ཞུས་པ་དང་ཆབས་ཅིག  ཁོར་ཡུག་སྲུང་སྐྱོང་གི་ཆེད་བསྐོས་ལས་བྱེད་པས་ཉེ་འཁོར་གྱི་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཐུང་གྲས་སྒྲོག་འགྲེལ་ཡང་བྱས་པ་དང་།  ཁོར་ཡུག་སྲུང་སྐྱོང་རས་ཁུག་སྤྲད་ནས་མང་ཚོགས་མི་རེ་ངོ་རེས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་བྱ་བའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།