ཉིང་ཁྲི་གྲོང་ཁྱེར་གྱིས་ཇའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།

b5cdb6fc-3405-4bd0-b345-25f0060269f7.jpg

པར་འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་མང་ཚོགས་ཀྱིས་ཇ་ལོ་འཐོག་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་ནི་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་གནས་ཤིང་། ཚ་ཁུལ་གྱི་བརླན་བཤེར་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་མ་ཟད། རི་མ་ཐང་གི་ས་དབྱིབས་མང་པས་ཇའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་འཚམ་པ་རེད། 2020ལོའི་ལོ་མཇུག་བར་མུའུ5842ཡོད་པའི་མཐོ་སྒང་སྐྱེ་ལྡན་ཇ་ལོ་འདེབས་འཛུགས་ར་བ་བསྐྲུན་པ་དང་། ཇ་ལོ་འདེབས་འཛུགས་ལ་བརྟེན་ནས་ས་གནས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་། ལྗང་མདོག་ཇ་ལོ་འདི་ཉིད་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཏུ་གྱུར་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།