​ཞིང་སྡེའི་རྣམ་པ་གསར་བ།

f64ee2e5-7d98-45aa-877f-5e5430953e18.jpg

པར་འདི་ནི་གསར་དུ་བསྐྲུན་པའི་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་སྦྲང་མདའ་གྲོང་ཚོའི་རྣམ་པ་གསར་བ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལ་མཐོང་ཆེན་བྱས་ཏེ། ཤང་དང་གྲོང་རྡལ་དུ་བཙོག་ཆུ་གཙང་སེལ་བཟོ་གྲྭ་བསྐྲུན་པ་དང་། “གསང་སྤྱོད་གསར་བརྗེ”དང་གད་སྙིགས་རིགས་དབྱེ་སོགས་བྱེད་ཐབས་སྣ་མང་སྤྱད་ནས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ཀྱི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ་དང་། འཚོ་སྡོད་ལ་འཚམ་པའི་གྲོང་ཚོའི་རྣམ་པ་སྔར་བས་ཇེ་ལེགས་སུ་བཏང་ནས་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་དང་། གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱས། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།